R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • Pagination (Witness A): 6b
[A:6b]ཀྱིས།། དུས་ཉིན་མཚན་འདས་པའི་མཆོད་བསྟོད་མཛད།། གདུང་རིལ་པོ་གཅིག་པའི་ཡིད་བཞིན་ནོར།། ལྷོ་འཛམ་བུ་གླིང་གི་བསོད་ནམས་ཞིང༌།། དགོས་གངས་ཅན་མཆོད་རྟེན་སྙིང་པོར་བཞུགས།། ཕ་བླ་མ་ཐམས་ཅད་མཁྱེན་པ་དེའི།། དོན་རྣམ་ཐར་མཛད་པ་ཕྲིན་ལས་སྒོ།། སྐྱབས་དུས་གསུམ་སངས་རྒྱས་ཀུན་དང་གཅིག། དུས་ད་ལན་ཕྱོགས་རེའི་གཞན་སྣང་ཙམ།། རང་སྐལ་མཚུངས་རྣམས་ལ་མངོན་དུ་མཛད།། ཁོང་ཐོགས་མེད་དང་པོའི་སངས་རྒྱས་གཙོ།། ད་མ་འོངས་འཁོར་བ་མ་སྟོངས་བར།། རྗེ་ཁོང་གི་བཞེད་དོན་རྣམ་པར་ཐར།། དུས་སྐད་ཅིག་བཏང་སྙོམས་མི་མངའ་བར།། འཕྲལ་མཛད་པའི་ཚུལ་སྒོ་བསམ་མི་ཁྱབ།། ཐུགས་མི་རྟོགས་དབྱིངས་ནས་ལྷུན་གྲུབ་འབྱུང༌།། རྗེ་དེ་ལྟ་བུའི་ཡིད་བཞིན་ནོར།། ཞལ་མཐོང་བ་དོན་ལྡན་རིན་པོ་ཆེ།། གསུང་ཐོས་པ་དོན་ལྡན་རིན་པོ་ཆེ།། ཐུགས་དྲན་པ་དོན་ལྡན་རིན་པོ་ཆེ།། སྐུ་རེག་པ་དོན་ལྡན་རིན་པོ་ཆེ།། བློ་གཏད་པ་དོན་ལྡན་རིན་པོ་ཆེ།། གང་མོས་པ་དོན་ལྡན་རིན་པོ་ཆེ།། སྤྱིར་འབྲེལ་ཚད་དོན་ལྡན་རིན་པོ་ཆེ།། སྐྱབས་སངས་རྒྱས་ཞལ་དངོས་རིན་པོ་ཆེ།། ལམ་དམ་ཆོས་འབྱུང་གནས་རིན་པོ་ཆེ།། གྲོགས་དགེ་འདུན་ཀུན་གཙོ་རིན་པོ་ཆེ།། ཕ་བླ་མ་རྗེ་བཙུན་རིན་པོ་ཆེ།། དེང་གསོལ་འདེབས་བུ་སློབ་དེང་འདུས་ཀྱི།། ངག་ང་རོའི་དབྱངས་ཀྱིས་རྒྱང་ནས་འབོད།། སྙན་ཡེ་ཤེས་ལམ་ཡང་གཏད་དུ་གསོལ།། ཡིད་གུས་པའི་གདུང་བས་གསོལ་བ་འདེབས།། ཐུགས་མཁྱེན་གཉིས་ཀློང་ནས་བྱིན་གྱིས་བརློབས།། ཁྱེད་རྗེས་