R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • Pagination (Witness A): 2b
[A:2b]ཏོག་དཀར་ཇི་བཞིན་དུ།། ཡུམ་བདེ་མའི་ལྷུམས་སུ་ཞུགས།། དུས་དེ་ནས་ཡུམ་གྱི་མནལ་ལམ་དུ།། དཔའ་གོ་མཚོན་ཐོགས་ནས་དགྲ་དཔུང་བཅོམ།། ཉམས་བདེ་བས་སྐུ་ལ་ཁྱབ་པ་སོགས།། རྟགས་དགེ་མཚན་བསམ་མི་ཁྱབ་པ་བྱུང༌།། དུས་ཟླ་བཅུའི་རྟེན་འབྲེལ་ཚང་བའི་མཐར།། ཡོངས་གནམ་ལོ་ཆུ་ཕོ་བྱི་བ་ལོའི།། སྟོན་ཐ་ཆུང་སྨིན་དྲུག་ཟླ་བ་ཡི།། ཕྱོགས་གཉིས་པའི་རྒྱལ་བ་དང་པོའི་ཚེས།། ནམ་ཐོ་རངས་གཟའ་སྐར་ཕུན་ཚོགས་ལ།། རྒྱན་མཚན་དཔེས་སྤྲས་པའི་རྒྱལ་བའི་སྲས།། ཞལ་འཛུམ་འོད་འབར་བ་ཡོངས་སུ་བལྟམས།། སྟེང་གཙང་རིས་ལྷ་དང་གནས་གསུམ་གྱི།། དཔལ་དཔའ་བོ་མཁའ་འགྲོས་མཆོད་པ་ཕུལ།། བོད་མུན་པ་སེལ་བའི་སྣང་བ་ཤར།། ལྷ་ཕྱོགས་བཅུའི་སངས་རྒྱས་དབྱིངས་སུ་གྱེས།། Youth དུས་དེ་ནས་བསྙེན་བཀུར་མ་མ་སོགས།། ཁོང་རྒྱལ་བུ་དོན་གྲུབ་བཞིན་དུ་བསྐྲུན།། འཕྲལ་གཞོན་ནུ་རོལ་རྩེད་རྣམ་གྲངས་ཀྱང༌།། ཆོས་ཐོས་བསམ་བསྒོམ་དང་འཆད་རྩོད་རྩོམ།། རྟེན་དཀོན་མཆོག་མཆོད་དང་བསྟོད་པ་སོགས།། དོན་རྣམ་པར་དཀར་བའི་ཕྱག་བཞེས་མཛད།། མགོན་ཡི་དམ་ལྷ་དང་ཆོས་སྐྱོང་སོགས།། འཕྲལ་དག་པའི་གཟིགས་སྣང་བསམ་ཡས་ཀྱང༌།། ཐུགས་བརླིང་བས་མི་ཆེན་རྣམས་ཀྱིས་ཀྱང༌།། ལར་བུས་པར་འཛིན་པ་ཀུན་དང་བྲལ།། Teachings from Byams pa gling pa ཡོང་དེ་ནས་མི་རིང་དུས་དགེ་ལ།། རྗེ་ཁུ་བོ་ཐུ་བཙུན་ཐམས་ཅད་མཁྱེན།། དཔལ་བྱམས་པ་གླིང་པ་ཆེན་པོ་སོགས།། ཁོང་མཁས་གྲུབ་