R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • Pagination (Witness A): 5a
[A:5a] ཤར་པུ་ཁཾ་དགེ་སློང་འདུལ་བ་འཛིན།། ཁོངམཁས་པ་ཨ་ལངྐར་དང༌།། ཡོང་དྷི་པཾ་ཀ་ར་ལ་སོགས་པ།། གནས་འཕགས་ཡུལ་མཁས་པའི་ཚོགས་རྣམས་ཀྱིས།། ཞབས་གཙུག་ཏུ་བསྟེན་ནས་གུས་པར་བསྟོད།། ལྗོངས་ཁ་བ་ཅན་གྱི་མཁས་པའི་ཚོགས།། གཞུང་རབ་འབྱམས་སྨྲ་བའི་ཆོས་འཆད་དང༌།། དཔལ་ཁ་ཆེའི་པཎ་ཆེན་གདན་ས་བཞི།། ལག་འཕགས་སྡེར་བཅས་པའི་གཙོ་འཁོར་སོགས།། ཡུལ་སོ་སོའི་སྡེ་དགོན་འཛིན་པ་ཡི།། ཆོས་འཇིག་རྟེན་ལས་སྣེ་ཆེ་རྣམས་ཀྱིས།། ཕ་རྗེ་བཙུན་ཞབས་པད་སྤྱི་བོར་བླངས།། བཀའ་མདོ་སྔགས་ཆོས་འཁོར་དཔལ་ལ་སྦྱར།། རྗེ་ལོ་ཆེན་ཏེའུ་ར་ཆོས་རྗེ་དང༌།། ཁོང་སྐད་གཉིས་སྨྲ་བ་འགྲན་བྲལ་བའི།། སྟོད་བོ་དོང་ལོ་ཙཱར་གྲགས་པ་དང༌།། དཔལ་ཞྭ་ལུ་ལོ་ཙཱ་ཆེན་པོ་སོགས།། ལར་ཞུས་ཆེན་ལོ་ཙཱ་རྣམས་ཀྱིས་ཀྱང༌།། ཞབས་ཐོད་དུ་ཁུར་ནས་གསུང་བཅུད་བཞེས།། ཕ་ཀུན་བཟང་རྩེ་པ་ལ་སོགས་པ།། ཆོས་ཕྱི་ནང་རྒྱ་མཚོར་དབང་འབྱོར་བའི།། རྗེ་མཁྱེན་སྤྱན་མངའ་བ་མང་པོས་ཀྱང༌།། དབང་ཆོས་ལུང་གདམས་པ་རྒྱ་ཆེར་གསན།། རྗེ་རྔོག་འབྲུག་རིན་པོ་ཆེ་ལ་སོགས།། དཔལ་བསྒྲུབ་རྒྱུད་བསྟན་པའི་བདག་པོ་རྣམས།། ཕ་ཀུན་མཁྱེན་ཞབས་པད་གཙུག་གིས་བཏུགས།། ཆོས་ཟབ་དང་རྒྱ་ཆེའི་ལོངས་སྤྱོད་མཛོད།། Connection to China ཤར་རྒྱ་ནག་སྟོང་འཁུན་རྒྱལ་པོ་ཡི།། ཁོང་བླ་ཡི་མཆོད་གནས་ཀུན་གྱི་གཙོ།། དོན་ཆོས་རྗེའི་དབོན་དང་མི་ཆེན་སོགས།། ས་ལོ་བར་མང་པོའི་ལམ་ལ་བགྲོད།། ཇ་གོས་དར་མཆོད་སྤྲིན་ཡུལ་གྲུ་