R1130: དཔལ་དུས་ཀྱི་འཁོར་ལོའི་རྒྱུད་བཤད་པ་ལ་འཇུག་པ་རྒྱུད་གསུམ་གྱི་གསང་བ་རྣམ་པར་ཕྱེ་བ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༨༢ན
[A:༨༢ན]༄༅། ། བ་འདིས།། རང་གི་སྙིང་པོ་མཛེས་པ་མཐོང་གྱུར་ཅིག།། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་བཤད་པ་ལ་འཇུག་པ་རྒྱུད་གསུམ་གྱི་གསང་བ་རྣམ་པར་ཕྱེ་བ་འདི་ནི། རྡོ་རྗེ་ཐེག་པའི་གཞུང་ལུགས་མཐའ་དག་ལ་རིགས་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་ཐོབ་པས་ཡང་དག་པའི་ལམ་གྱི་ས་མཁན་དུ་གྱུར་པ་རྡོ་རྗེ་འཛིན་པ་ཆེན་པོ་ཡེ་ཤེས་རྒྱ་མཚོ་ལ་སོགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྐུལ་བ་ལས། མཆོག་ཏུ་ཟབ་པའི་གནས་ལ་མོས་པ་ལྷག་པར་རྙེད་པ་གཞོན་ནུ་དཔལ་གྱིས་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ཉུང་ངུར་སྦྱར་བ་རེ་ཤིག་རྫོགས་སོ།། །།འདིའི་ཡི་གེ་པ་ནི། རྒྱུ་དང་འབྲས་བུའི་ཐེག་པ་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་ཐོབ་ཅིང། སྡོམ་པ་གསུམ་ལ་ངེས་པ་རྙེད་པའི་བློ་གྲོས་དང་ལྡན་པའོ།། །།འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།། །།