R1174: དཔལ་འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༡༦༧ན
[A:༡༦༧ན]ས་རྣམས་དང། །མ་ལུས་སེམས་ཅན་སྐར་ཚོགས་མཐའ་ཡས་རྣམས། །ཀུན་གསལ་བ་ཆོག་ཕོ་བྲང་ཉམས་དགའ་བར། །ལྷན་སྐྱེས་བདེ་བའི་འོད་དཀར་དྲ་བ་རྣམས། །ཟུང་འཇུག་སྐུ་ཡི་འཁོར་ལོར་སྡོམ་མཛད་པ། །རྗེ་བཙུན་སྨྲ་བའི་ཟླ་བ་ཤར་བའི་དྲུང། །དགའ་བདེར་རོལ རྗེ་བཙུན་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་ཆེན་པོའི་གསུང་གི་ལེགས་པར་བཤད་པ་དཔར་དུ་བཀོད་པའི་ཡི་གེའི་གཟུགས་བརྙན་རྣམས་ནི། །ཡིག་མཁན་མཁས་པ་མལ་གྱི་ལུགས་འཛིན་པ་རྒྱལ་མཚན་གྲགས་དང། །དཔར་མཁན་སྡོམ་བརྩོན་དམ་པ་སངས་རྒྱས་བསམག་པ་ཞིབ་མོའྀ་བློ་གྲོས་ཅན་བཤེས་གཉེན་ཀུན་མཆོག་པ་གཉིས་ཀྱིས། །བྲིས་ཤིང་བརྐོས་ལ་དག་པར་བགྱིས་ཏེ། ཕུར་བུ་ཞེས་པ ། ས་ཕོ་སྤྲེའུའི་ལོ་ཁྲུམས་ཀྱི་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའྀ་ཚེས་ལ ། འོལ་ཁ་རྟག་རྩེ་རྣམ་པར་རྒྱལ་བའི་ཁང་བཟང་དུ་ལེགས།འོངས་ཀྱང་རྒྱལ་བའི་བསྟན་སྦྱི་དང ། ཁྱད་པར་རྡོ་རྗེ་ཐེག་པའི་བསྟན་པ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།། །། །།