R1218: དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ། པར་རྙིང་། མཇུག་བྱང་།

  • Pagination (Witness B): ༤༣
[B:༤༣][...] Carving Colophon, f. 43 ཨོཾ་བདེ་ལེགས་སུ་གྱུར་ཅིག། གསུང་རབ་མཐར་ཐུག་དཔལ་ལྡན་འདུས་པ་ཡི༎ འཇུག་པའི་སྒོ་འབྱེད་དཀྱིལ་འཁོར་ཆོ་ག་འདི བདེ་ལེགས་མཐར་ཐུག་བསྟན་པ་རྒྱས་པ་དང༎ བླ་མ་མཆོག་དེའི་ཐུགས་དགོངས་རྫོགས་ཕྱིར་དང༎ བསྟན་པའི་སྲོག་ཤིང་རྒྱལ་ཚབ་དམ་པ་ཡི༎ སྐུ་ཚེ་འཕྲིན་ལས་དར་ཞིང་རྒྱས་ཕྱིར་དུ༎ འགྲོ་བ་རྣམས་ལ་ལྷག་པར་བརྩེ་བ་ཅན༎ རིན་ཆེན་རྒྱལ་མཚན་བཀའ་ཡིས་བསྐུལ་ཕྱིར་དང༎ དགེ་འདུན་རྣམས་ཀྱིས་འཐུན་པའི་རྐྱེན་སྦྱར་ནས༎ སངས་རྒྱས་བསྒྲུབ་ལ་ལྷག་པར་བརྩོན་པ་ཅན༎ སྡོམ་བརྩོན་སངས་རྒྱས་བསམ་གྲུབ་གྲོགས་མཆེད་ཀྱིས༎ དད་པ་ཀུན་ནས་བླངས་ཏེ་དཔར་དུ་རྐོས༎ འདི་ཡི་ཕྱོགས་སུ་འབད་བརྩོལ་བགྱིས་པ་དང༎ ཟང་ཟིང་ཅུང་ཟད་གཏང་བ་དེ་དག་ཀྱང༎ མར་གྱུར་འགྲོ་བ་ཀུན་གྱི་རེ་སྐོང་བའི༎ ཁྱབ་བདག་རྡོ་རྗེ་འཆང་བ་ཐོབ་གྱུར་ཅིག༎ ཅེས་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ལེགས་པར་གྲུབ་པའོ། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག༎