R127: ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།

  • Pagination (Witness A): ༣༠༦ན
[A:༣༠༦ན]ཀྱི་དབང་བུམ་འདིའང་ཁོང་ལ་ཕུལ་ཞིག་གསུང་། དེ་བཞིན་རྔོག་བྱང་ཆུབ་དཔལ་གྲུབ་པརིན་ཆེན་བཟང་པོདོན་གྲུབ་དཔལ་བཟང་རྣམས་ཀྱིས་མཛད། རྗེ་ནཱ་རོ་པར་བསྔགས་པའི་གཤིས་ཀྱིས་ཐམས་ཅད་ཀྱིས་ཆོས་འབྲེལའགྲེལ་གསན། དེ་ནས་རིམ་པས་གཙང་ཕྱོགས་ཕེབས། པཎ་ཆེན་ནགས་རིན་ཕྱི་རེས་ཕེབས་ནས་བལ་པོར་ལོག་པའི་ལམ་རོང་བྱམས་ཆེན་ནས་ཁྲོ་ཕུའི་བར་ཕྱག་ཕྱི་མཛད། འགྲེལ་པ་སྐོར་གསུམ་གྱི་བཤད་ལུང་། སྒྲའི་དོགས་གཅོད། གཞན་ཡང་སྡེ་སྣོད་ཀྱི་དཀའ་བའི་གནད་ལ་སྒྲོ་འདོགས་ཆོད་པར་བྱུང་ནས། ཇི་སྙེད་པའི་ཕྱོགས་ལ་པཎ་ཆེན་ནགས་རིན་སྐུ་དྲིན་ཆེ་བ་ཡིན་གསུངས། ཚུར་ལམ་ངོར་དུ་ཆོས་རྗེ་ཀུན་དགའ་བཟང་པོ ་ལ་བདག་མེད་ལྷ་མོ་བཅོ་ལྔའི་དབང་གསན། གཞན་ཆོས་རྗེ་བྱམས་གླིང་པལྕང་ལུང་པ་གཞོན་ནུ་བློ་གྲོསའགོས་གཞོན་ནུ་དཔལ་རྣམས་ལ་རྒྱུད་སྡེའི་བཤད་སྲོལ་དུ་མ་ཞིག་གསན། སྣམསགནམམདར་སྔགས་གྲྭ་ཞིག་འཛུགས་པའི་གཞི་བཏིང་། དེའི་འཆད་ཉན་ལ་སྙེ་ཐང་ཆོས་རྫོང་དང་། བཀྲ་ཤིས་སྒང་བའི་མཁན་ཆེན་བསམ་གཏན་པ་ཟེར་བ་ཞིག་བསྐོ་བཞེད། ཁོང་ཕྱག་ཕྱིར་འབྲངས་པ་ལ་ཆོས་རྗེ་ཡིད་བཟང་རྩེ་བ་ལ་དུས་འཁོར། སྐད་གཉིས་ཤན་སྦྱར་གྱི་བཤད་པ་ཞིབ་