R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩བ
[A:༣༩བ] དགུང་ལོ་དྲུག་ཅུ་རེ་དགུ་པ་ལྕགས་ཕོ་འབྲུག་གི་ལོ་ཧོར་ཟླ་གཉིས་པའི་གནམ་སྟོང་ལ་ཞི་བར་གཤེགས་ནས། སྤུར་བཞུས་པས་གདུང་རྣམས་རིང་བསྲེལ་འབའ་ཞིག་ཏུ་གྱུར་པས་ཀུན་མི་ཕྱེད་པའི་དད་པ་ལ་བཀོད་དོ། Hagiography of bSod nams rgyal mchog །རྗེ་དེ་ཉིད་ཀྱི་སྐུའི་དབོན་པོ་ཐུགས་སྲས་དམ་པ་མཁན་ཆེན་རྒྱལ་མཆོག་པ་ནི། ཡར་ལུང་ལྷ་རི་དགོན་པར་ལྕགས་མོ་བྱི་བའི་ལོ་ལ་སྐུ་བལྟམས། དགུང་ལོ་བདུན་པ་ལ་འགྲོ་མགོན་ཆོས་རྗེའི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་ཞུས། དགུ་པ་ལ་མཁན་པོ་སྔར་གྱི་དེ་དང་། ལས་སློབ་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་བསོད་ནམས་རྒྱལ་བ་མཆོག་དབྱངས་དཔལ་བཟང་པོར་བཏགས། མཁན་པོ་ལས་རྡོ་རྗེ་ཕུར་པའི་དབང་རྒྱུད་གསུམ་མན་ངག་དང་བཅས་པ། ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང་། དུས་འཁོར་སོགས་གསན། ཉེར་ལྔ་པ་ལ་བསྙེན་པར་རྫོགས། དེ་ནས་རང་ཉིད་ཀྱི་ཁུ་བོ་རྣལ་འབྱོར་གྱི་དབང་ཕྱུག་སེང་གེ་རྒྱལ་མཚན་ལས་སྔ་ཕྱིར་ས་སྐྱ་པའི་མན་ངག་གསེར་ཆོས་མཐའ་དག་