R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༢ན
[A:༡༥༢ན] དགའ་བསོད་ནམས་ལའོ། །འཁོར་རྐྱང་པུ་ཏྲ་མིང་སྲིང་གི་རྗེས་གནང་ཟུར་བཀའ་འདི་ལ་ཡི་གེ་དམ་པས་མཛད་པ་དང་། ཡར་ལུང་པས་རྒྱས་བསྡུས་གཉིས་དང་། དེ་དང་འདྲ་བ་སྔགས་འཆང་ཆེན་པོས་མཛད་པ་ཡང་ཡོད་པས། དིང་སང་དེ་དག་གི་སྟེང་ནས་མཛད་ཅིང་། འདི་ལ་བཟླས་ལུང་གི་སྐབས་སུ་བོད་རྦད་བསད་གསུམ་ག་ཡོད་པས། ལས་སྦྱོར་གང་བྱེད་ཀྱང་འདི་སྔོན་དུ་ངེས་པར་ཐོབ་དགོས་པ་ཡིན་ལ། འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། སློབ་དཔོན་པདྨ་འབྱུང་གནས། པཎྜི་ཏ་དྷརྨ་པ་ལ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། བླ་མ་མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་།