R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༣༠
[A:༡༣༠]སྙིང་པོ། ཀྱེ་རྡོ་རྗེ་མངོན་རྟོགས་ཚུལ་བཅུ་བཞི། ཀྱེ་རྡོ་རྗེ་ལ་རྟེན་ནས་བཤིན་པོ་རྗེས་སུ་བཟུང་བའི་ཆོ་ག ཀྱེ་རྡོ་རྗེའི་ལག་ལེན་ཟིན་བྲིས། བིརྺ་པའི་བསྲུང་བ། དུས་འཁོར་ཡོངས་རྫོགས་ཀྱི་མངོན་རྟོགས། ལམ་མཆོག་རབ་གསལ་སོགས་རྒྱས་བསྡུས་གསུམ། དཀྱིལ་མཆོག་རབ་གསལ་སྙིང་པོ། མཆོད་ཕྲེང༌། ས་ཆོག་གི་ཟུར་འདེབས་ཟིན་བྲིས་མདོར་བསྡུས་པ། དུས་འཁོར་ནས་གསུང་བའི་འཁོར་ལོ་སྡོམ་ཆེན་གྱི་སྒྲུབ་ཐབས། རྡོ་རྗེ་གསུམ་གྱི་སྒྲུབ་པ་གསལ་བར་བྱེད་པ་སྒྲོན་མའི་སྙིང་པོ་ཡིད་བཞིན་ནོར་བུ་རིན་པོ་ཆེ། འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་མཆོག་རྣམ་པར་རོལ་པ། འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་བདེ་བླག་ཏུ་འཇུག་པ། བདེ་མཆོག་ལྷ་ལྔའི་དབང་གི་ཐོ་ཡིག དྲིལ་བུ་ལུས་དཀྱིལ་གྱི་དབང་གི་ཟུར་འདེབས། འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་སྦྱིན་བསྲེག་གི་ཆོ་ག་ཕྲིན་ལས་རྣམ་པར་རོལ་པ། བདེ་མཆོག་ལཱུ་ཧི་པའི་དྲི་ལན་ཉི་འོད་སྣང་བ། ཤིན་ཏུ་སྤྲོས་མེད་ཀྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་རྣམ་བཤད་ཡིད་བཞིན་གྱི་ནོར་བུ་ཟིན་བྲིས། བདག་བྱིན་གྱིས་བརློབ་པའི་ཆོ་ག་ཡེ་ཤེས་རྣམ་རོལ། འོད་གསལ་འཆར་བའི་བྱིན་བརླབ་བདེ་གསལ་སྙིང་པོ། རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་གསལ་བར་བྱེད་པའི་སྒྲོན་མ། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱི་ཟིན་བྲིས་སོགས། གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་མངོན་རྟོགས་སྙིང་པོ་གསལ་བ། གཤིན་རྗེ་གཤེད་དམར་པོ་ཞལ་གསུམ་པའི་སྒྲུབ་ཐབས་ཁྲོ་བོ་རྣམ་པར་རོལ་པ། གཤིན་རྗེ་གཤེད་ལྷ་བཅུ་གསུམ་པའི་སྒྲུབ་ཐབས་སྙིང་པོ་མཐོང་བས་དོན་རབ་ཏུ་གསལ་བ། གཤིན་རྗེ་གཤེད་ཀྱི་མངོན་རྟོགས། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་རོལ་མཚོ། གཤེད་དམར་གཉིས་པ་དགྲ་ནག་གདོང་དྲུག་གི་སྦྱིན་བསྲེག་གི་ཆོ་ག་ཡེ་ཤེས་རྣམ་རོལ། དགྲ་ནག་གི་སྒྲུབ་ཐབས་ཁྲོ་བོ་རྣམ་རོལ་ལ་ཉེ་བར་