R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༥
[A:༣༡༥]ཏི་གརྦ། སྨྲྀ་ཏིས། ཚོང་སྡེ་ངག་གི་དབང་ཕྱུག དེ་ནས། ཁམས་པ་ཤེས་རབ་རྡོ་རྗེ། དེ་ནས། རྔོག་སྟོན། མདོ་སྡེ། རྩེགས་དར་མ་རྒྱལ་པོ། ཚུར་དུམ་བུ་ཁ་པ། དགེ་བཤེས་བཟང་མོ་བ། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་རྒྱལ། དེ་ལ་རྔོག་དོན་གྲུབ་དཔལ་དང༌། བླ་མ་སངས་ཡོན་པ་གཉིས་ཀྱིས་ཞུས། དེ་གཉིས་ཀ་ལ་རིན་པོ་ཆེ་བྱང་ཆུབ་དཔལ་གྱིས་ཞུས་སོ། །དེས་བདག་ལའོ། །ཤནྟི་གརྦྷས། སུརྻ་སིདྡྷི། དེས་བྱེ་མ་ལུང་པ་སྐྱི་སྟོན་ཆོས་སེང༌། དེས་ཆོས་རྡོར་ལ་གནང་སྟེ། དེས་མན་འདྲའོ།། Teachings from rngog bsod nams don grubSeven maṇṇala-s of the rngog sect ༈ །དེ་ལྟར་རྔོག་པའི་དབང་བདུན་དུ་གྲགས་པ་རྣམས་རིན་པོ་ཆེ་ཉིད་ལས་ཐོབ་ནས། དེར་མ་ཐོབ་པའི་བཤད་ལུང་རྣམས་ཕལ་ཆེར་བླ་མ་དེ་ཉིད་ཀྱི་གཅུང༌། རྔོག་སྟོན་བསོད་ནམས་དོན་གྲུབ་ལས་ཐོབ་པ་ནི། རྒྱུད་ཀྱེའི་རྡོ་རྗེའི་བཤད་པ། བླ་མ་ཆོས་རྒྱལ་བས་མཛད་པའི་ཟིན་བྲིས་ཆེན་མོའི་སྟེང་ནས་ཐུགས་བཤད་ཚང་བར་ཐོབ་ཅིང༌། ཞེ་སྡང་རྡོ་རྗེས་མཛད་པའི་ས་གཅད། ཊཱི་ཀ་རིན་ཆེན་རྒྱན་འདྲ་ཡང༌། དེ་དག་ཏུ་མ་ཚང་བ་མེད་པའི་ཕྱིར། ཐོབ་པར་བཞེད་ལ། དེ་ནི་སྔོན་ནས་ཀྱང་བཞེད་པར། རིན་པོ་ཆེ་བྱང་ཆུབ་དཔལ་བ་ཉིད་ཀྱི་གསན་ཡིག་ཏུ་རྩ་བའི་རྒྱུད་དཔལ་བརྟག་པ་གཉིས་པ་དང༌། དེའི་བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེའི་གུར་གཉིས། རྩ་བ་རིན་ཆེན་རྒྱན་འདྲ་དང༌། གུར་གྱི་རྣམ་བཤད་ལ་བརྟེན་ནས། བླ་མ་གོང་མའི་གསུང་སྒྲོས་མ་ནོར་བ་གསུངས་ཤིང་མང་དུ་ཐོབ། ཞེས་པ་ལས། གཞན་མི་སྣང་བས་གྲུབ་བོ། །དེ་ལྟར་དེ་དག་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས་ཆོས་ཀྱི་རྒྱལ་མཚན་གྱི་བར་དབང་གི་བརྒྱུད་པ་དང་འདྲ། དེ་ལ་དོན་གྲུབ་དཔལ་དང༌། སངས་ཡོན་པ་གཉིས་ཀྱིས་གསན། དེ་གཉིས་ཀ་ལ། ཆོས་རྗེ་བྱང་ཆུབ་དཔལ་གྱིས་གསན། དེས་ཆོས་རྗེ་བསོད་ནམས་དོན་འགྲུབ། དེས་བདག་ལའོ།། ༈ །།རྡོ་རྗེ་གུར་གྱི་བཤད་པ་ཞེ་སྡང་རྡོ་རྗེའི་བུ་ཆེན་ལྷོ་པ་དཀར་སྟོན་