R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 63b
[B:63b]རབ་རྫོགས་ཤིང། དཔལ་ལྡན་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེར། དགེ་འདུན་འདུས་པ་ཕྱོགས་དུས་ཀུན་དུ་རྒྱས། །བསྟན་པའི་རྩ་ལག་གོང་དུ་འཕེལ་གྱུར་ཅིག ས་སྐྱོང་མཆོག་རྣམས་ཞབས་པད་བརྟན་པ་དང་། བདག་སོགས་ལེགས་ཚོགས་བཞེད་དོན་འགྲུབ་གྱུར་ནས། [A:213]།འཆི་མེད་ཡེ་ཤེས་གོ་འཕང་མཆོག་བརྙེས་པའི། །ཀུན་ཀྱང་ཐེག་པའི་སྙིང་པོར་རབ་ཞུགས་ནས། །སྐད་ཅིག་གཅིག་གིས་རྫོགས་པར་བྱང་ཆུབ་སྟེ། །འགྲོ་ཀུན་བདེ་བའི་ལམ་ལ་སྤྱོད་གྱུར་ཅིག སྣ་ཚོགས་དབྱིག་གི་ལོ་ཀརྐ་ཊའི་ཁྱིམ་ཆུ་སྟོད་ཟླ་བའི་ཕྱོགས་སྔ་མའི་དགའ་བ་དང་པོའི་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་དགེ་བ་ལ། །རྒྱལ་ཆེན་རྣམ་ཐོས་དགའ་བའི་གླིང་དུ་ལེགས་པར་གྲུབ་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བདཏྲ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མཧཱ་ཤྲ་མ་ཎཿ ཤུ་བྷམསྟུ་སརྦ་ཛ་ག་ཏཱཾ།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནཏེ་ཥཱནཏ་ཐཱ་ག་ཏོ་ཧྱ་བདཏྱ། ཏེ་ཥཱཉཙ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མཧཱ་ཤྲཱ་མ་ཎཿ་ཤུབྷ་མསྟུ་སརྦ་ཛ་ག་ཏཱཾ། སརྦ་མངྒ་ལཾ། ། དགེའོ། ། དགེའོ། ། ། །