R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧བ-༢༠༤
[A:༧བ-༢༠༤]ཏོན་དུ་བྱེད་པ་ཡིན་གསུང། ནང་རེ་བཞིན་གསེར་འོད་དམ་པའི་མདོ་སྡེ་ལྗགས་ཐོག་ནས་ཚར་རེ་མཛད། གཞན་ཡང་དཀོན་མཆོག་གི་མཆོད་པ་དང། ངན་ལོང་ལ་སྦྱིན་གཏོང་སོགས་རྒྱ་ཆེན་པོ་མཛད་དོ། Birthཟླ་དགུ་པོ་དང་བཅུ་བཞེས་པ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱེས་བདག་ཅེས་ཡོངས་སུ་གྲགས་པ་རི་བོ་རྩེ་ལྔ་པའི་ལྕགས་མོ་ལུག་གི་སྨལ་པོ་ཟླ་བའི་ཕྱོགས་ཕྱི་བའི་ཚེས་བརྒྱད་ཀྱི་ཟླ་བ་འཆར་བ་དང་དུས་མཚུངས་པར་ཡུམ་ལ་གནོད་པ་མེད་པར་སྐུ་བལྟམས། ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པ་དེ་དག་གི་ཚེ་ནའང། མཐོ་རིས་མཛེས་མའི་ལག་པད་ཀྱིས་འཐོར་བའི་མེ་ཏོག་གིས་ཆར་བབ། སྐྱེ་བོ་ཀུན་གྱིས་འདི་ནི་ཕལ་ལས་འདས་པ་ཞིག་གོ་ཞེས་མགྲིན་པའི་རྔ་སྒྲས་མཆོད། ཡབ་ཀྱིས་ཁོ་བོས་འཕགས་པ་གསེར་འོད་དམ་པ་ལ་ཡི་དམ་དུ་བྱས་པའི་ཐུགས་རྗེའོ་ཞེས་མཚན་ཡང་གསེར་འོད་སྐྱབས་ཞེས་པར་གསོལ། དེ་ནས་སྐུ་སྐྱེད་བསྲིང་བ་ལེགས་པར་བྱས་ཏེ། གང་དུ་བཞུགས་པའི་གནས་ཐམས་ཅད་དུ་ཁྲིའི་རྣམ་པ་བརྩིགས། མདུན་དུ་མཐོ་མང་པོ་རྒྱབ་ནས་ཉན་པ་པོའི་ཚུལ་དུ་མཛད་དེ་ཆོས་གསུང་བའི་རྣམ་འགྱུར་དང་མཉམ་པར་འཇོག་པ་ལ་སོགས་པས་དུས་འདའ ། སྐབས་ཤིག་གཟིམས་ཁང་རྒྱབ་ཀྱི་ན་ཆུང་ཞིག་ཡོད་པའི་དཀྱིལ་ན་རྡོ་ལེབ་ཅིག་ཡོད་པ་ལ་ཆོས་ཁྲི་མཛད། ཨ་ནེ་ཤིན་ཏུ་གུས་པས་ཆོས་སྐྱེས་ཀྱི་ཚིགས་སུ་