R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༠ན-༢༠༩
[A:༡༠ན-༢༠༩] ༄༅། །པ་ནས་ཚངས་པར་སྤྱོད་པ་འབའ་ཞིག་ལ་ནན་ཏན་དུ་མཛད་པའི་དབང་ལས། རབ་ཏུ་བྱུང་བ་ཁོ་ན་ལ་ཐུགས་རྣགས་པར་གྱུར་ཏེ། ཐར་པ་རིན་པོ་ཆེ་ལ་མ་ལ་ཡའི་སྐྱེད་མོས་ཚལ་ལྟ་བུ་དང། ཁྱིམ་གྱི་གནས་མེ་འོབས་ལྟ་བུར་གཟིགས་བཞིན་པས། Novice vows and teachings from Rab 'byor seng ge ཤིང་ཕོ་སྤྲེའུའི་ལོ་དགུང་ལོ་བཅུ་བཞི་བཞེས་པའི་ཚེདཔལ་འབྱོར་བྱེ་བས་ལེགས་པར་འབྱོར་བའི་རྒྱལ་པོའི་ཕོ་བྲང་རྒྱལ་ཆེན་གླིང་དུ། མ་བྱོན་པའི་སངས་རྒྱས་གསུམ་པ་རབ་གསལ་རྒྱལ་པོའི་རྣམ་པར་འཕྲུལ་བ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་ཏྲའི་རིང་ལུགས་འཛིན་པ། ལྗོངས་འདིའི་རྒྱལ་བའི་བསྟན་པ་མཐའ་དག་གི་ཕྱི་མོ་ཚོགས་སྡེ་ཆེན་པོ་དགེ་འདུན་སྒང་པའི་འདུས་པ་རྒྱ་མཚོའི་གྲྭར་ཞུགས། འཕགས་པའི་གནས་བརྟན་ཡན་ལག་འབྱུང་གི་སྤྲུལ་པ་མཁན་ཆེན་འདུལ་བ་འཛིན་པ་ཆེན་པོ་རབ་འབྱོར་སེང་གེའི་དྲུང་དུ་རབ་ཏུ་བྱུང་སྟེ། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དམ་པའི་ཆོས་འདུལ་བ་ལས་བྱུང་བའི་ཀུན་དུ་སྤྱོད་པ་ལ་བག་ཡོད་པས་བསླབ་པ་རིན་པོ་ཆེ་སྐུ་སྲོག་གི་ཟུང་ལས་ཀྱང་གཅེས་པར་གཟུང་ཏེ། ལྟུང་བའི་གནས་ཤིན་ཏུ་ཕྲ་མོས་ཀྱང་མ་གོས་པར་མཛད། མཁན་པོ་དེ་ཉིད་ཀྱིས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་གནོད། གསང་མཚན་རྣམ་སྣང་རྡོ་རྗེར་གསོལ། དབང་དུས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་མཛད།