R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༦བ-༢༢༢
[A:༡༦བ-༢༢༢]སྲིན་པོ་རིར་བཞུགས་པ་དང་འགྲིག། དེར་དགོངས་པ་ལ་སྔ་མོ་ནས་སྤྱིར་སྲིན་པོ་རི་འདི་བདེ་མཆོག་གི་ཕོ་བྲང་དུ་གྲགས་པ་དང། ཁྱད་པར་ཁ་ཆེའི་པཎྜི་ཏ་ཆེན་པོས་ཆོས་ཀྱི་འཁོར་ལོ་གྲངས་མེད་པ་བསྐོར་ཞིང། གཙུག་ལག་ཁང་ལེགས་པར་བཞེངས་ཏེ། ཐུགས་དམ་གྱི་རྟེན་རང་བྱོན་སོགས་ངོ་མཚར་བའི་དཔལ་ཡོན་ཅན་གྱི་གནས་ཆེན་པོ་ཡིན་པས་མཇལ་འདོད་ཡོད་པ་དང། དཔོན་སློབ་བཞུགས་པ་དང་རྟེན་འབྲེལ་རང་འགྲིག་ཏུ་བྱུང་བས་ཇི་ལྟར་བསམས་པའི་དོན་རྣམས་བདེ་བླག་ཏུ་འགྲུབ་པ་ཅིག་འོང་བར་འདུག་དགོངས་ཏེ། ཐོག་མ་ཁོ་ནར་མཁས་པའི་དབང་པོ་དང་མཇལ་བས་ཞལ་གྱིས་དཀྱིལ་འཁོར་མངོན་སུམ་དུ་གྱུར་པ་ཙམ་གྱིས་ས་ལ་བཞུགས་པའི་བདེ་བས་མི་མཚོན་པའི་ཐུགས་དད་འཁྲུངས་ཏེ། དཔོན་སློབ་གཉིས་གའང་ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས་པའི་རྣམ་པས་དགྱེས་པའི་རྣམ་འགྱུར་དུ་མ་དང་ལྡན་པར་གྱུར། དེ་ནས་གཙུག་ལག་ཁང་ངོ་མཚར་ཅན་གྱི་རྟེན་རྣམས་དང་བཅས་པ་མཇལ། ཐོས་བསམ་ལ་བར་ཏུ་གཅོད་པ་མི་འབྱུང་ཞིང། བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་སྨོན་ལམ་རྣམ་པར་དག་པ་མཛད། དེ་དུསམཁས་པའི་དབང་པོ་ཡང་སློབ་དཔོན་ལ་ཕེབས་འཕྲལ་ཡིན་པ་དང། ཁམས་ཚན་ཕལ་ཆེ་བ་ཡང་གསང་ཕུ་སོགས་ལ་ཡོད་པ་དང་ཐུག་པས་དཔོན་སློབ་བཅུ་གཅིག་བཞུགས་འདུག། རྗེས་སུ་ངེད་གཉིས་དང་