R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༧བ-༢༢༤
[A:༡༧བ-༢༢༤] གཞན་ལས་ལོ་ཟླར་འབད་པ་ལས་ཆེ་ཞིང། ཐུགས་རྒྱུད་འདུལ་བ་ལའང་ཤིན་ཏུ་ཕན་པ་དང། མཆེད་གྲོགས་རྣམས་ཀྱི་བསྐྱར་ཅག་གྲོགས་དན་ཀྱང་མཐར་ཕྱིན་པ་མཛད་པས་རང་གཞན་ཐམས་ཅད་ལ་ཕན་པ་ཆེར་ཐོགས་གསུངས། དེ་ནས་གཟུང་ཏེ་དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་དང་ཕན་པའི་ཆེད་ཁོ་ན་མ་གཏོགས་གཞན་ལ་ཚིག་རྩུབ་མོས་མི་གཤེ་བའི་དམ་བཅའ་མཛད། དེར་རྗེ་འདིས་སྡེ་བདུན་རིགས་པའི་གཏེར་དང་བཅས་པའི་དགོངས་པ་ཕྱོགས་ཅིག་ཏུ་འགྲེལ་བམཁས་པའི་དབང་པོ་ཉིད་ཀྱིས་མཛད་པ་རྟགས་རིགས་བློ་རིགས་དང་བཅས་པའི་ནག་འཛིན་མཛད་པའི་ཚེ། ཕྱག་དཔེ་སྤྱན་གྱིས་ཆོད་པ་ནས་གསོལ་རན་པ་ཕྱིན་ལ། ཡིག་ཕྲེང་དགུ་ཕྲེང་གི་མདའ་ཚད་ཤོག་བུ་བཅུ་གཉིས་ཐུགས་སུ་ཆུད་པས། འཇམ་དཔལ་དབྱངས་གཉིས་པ་ལྟར་ཀུན་ལ་གྲགས། དེ་ནསམཁས་གྲུབ་ཆེན་པོའི་གསུང་གིས། "ཆོས་བར་གྱི་བཤུལ་ལམ་ཐམས་ཅད་དུ་ངའི་གྲ་པ་རྣམས་ལ་བཏད་བྱུང་ན་མི་ཡོང"་གསུང་ཞིང། རྐང་བཞིའི་བཞོན་པ་སྤངས་ཏེ་སྦ་མཁར་ཞིག་ཕྱག་ཏུ་བསྣམས། སྒོམ་ཞྭ་དང་སྤྱན་ར་སྤྲད། སྐུ་ཆོས་ལ་ཕྲག་བསྐྱུར་མཛད། གྲ་བུ་སློབ་རྣམས་ཀྱིས་མཐའ་བསྐོར་ཏེ། ཡིག་དྲུག་བསྐུལ་ཞིང་ཐེགས་ཀྱི་ཡོད་པ་བཞིན་སླར་སྙེ་ཕུར་ཕེབས།
ཕུག་པ་འོག་མའི་ཕུག་པ་རྣམས་ལ་མི་ཆེན་སོ་སོའི་རྒྱན་བགོས་མཛད། བྱིན་གྱིས་ཕུག་པ་རྣམས་ཕལ་ཆེར་གྲུབ། དེ་དུས་རྗེའི་ཕྱག་ཕྱིར་ཡང་། ཚོགས་ནས