R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༩ན-༢༢༧
[A:༡༩ན-༢༢༧] ༄༅། །གསོལ་ཞིབ་ལེགས་པོ་ཁམ་ཕྱེད་ཙམ་ཞིག་ཕུལ་བྱུང་བས། སྐབས་སུ་བབ་པའི་བསྙེན་བཀུར་ནི། བསྙེན་བཀུར་ཕལ་དངོས་ཟླ་ཡིན། ཞེས་པའི་ཁ་གཏམ་དོན་དམ་པ་བྱུང་སྟེ། དེ་ནས་ཚྭ་ཞིག་ལྟ་གོན་མཛད། ཞིབ་ལ་ཐལ་བྱས་གང་བུ་དང་ལ་ཕུག་གི་ཚོད་མའི་དཀའ་ཐུབ་ལ་བརྟེན་པ། རྗེ་བཙུན་མི་ལ་རས་པའི་དཀའ་སྤྱད་ལ་འདྲན་འགྲན་པ་ལྟར། བཤར་སྦྱང་དང་ཕུག་པ་སྦྲུ་བ་བསྟུན་ནས་མཛད་པའི་ཚེ། དཀོན་མཆོག་གི་ཐུགས་རྗེས། ཕུག་པའི་སྒོ་ཐོན་མཚམས་ནས། རྡོ་སྐྲན་སྲན་གྱི་ཕ་ཝོང་བོང་གཡག་རོ་ཙམ་ཞིག་བྱུང་བའི་མཐའ་རྣམས་སྦྲུས་ཏེ ཕ་ཝོང་བཅག་པས་སྦྲུ་སླ་བ་རང་འབྱོན་ལྟ་བུ་བྱུང་བའི་རྡོ་ཟུར་དོན་པའི་རྗེས། བཟད་པའི་ཕུག་ཆུང་དང་ཕན་ཚུན་འབྲེལ་བ་བྱུང་སྟེ། ཕུག་པ་ལེགས་པར་གྲུབ་ནས་དེར་བཞུགས་ཏེ་གསན་སྦྱོང་ལྷག་པར་འཕེལ་བས། དེ་ཀའི་མོད་ལ་རང་འགྲེལ་གྱི་ཚིགས་དོན་མ་ལུས་པའང་ཐུགས་སུ་ཆུད། ཕྱིས་ཕུག་པ་དེར་སུ་བཞུགས་ཀྱང་སློབ་གཉེར་གཞན་དུ་ལོ་ཟླར་འབད་ཡབས་བློ་བསྐྱེད་ཆེ་བ་བྱིན་ཞལ་མཐུན།
དེ་ནས་གསོལ་ཆས་ཀྱི་སྟ་གོན་ལ། སྐྱིད་སྨད་བཀྲ་ཤིས་ཆེ་ན་ཨ་ནེ་ཅིག་བཞུགས་ཞེས་སྙན་ན་བཅགས་པ། རྩད་གཅོད་དུ་ཐེགས་པས། ཨ་ནེ་ཤིན་ཏུ་སྒྲོས་ཤིང་སྤྱན་གཉིས་ཀ་འགྲིབས་པ་ཞིག་ལ། བུ་གཉིས་ཀྱང་འདུག་པ་ལ་ཐུགས་སྤོབས་སེམས་བསྐྱེད་དེ། བདག་ སིལ་མ་དེང་ར་ཁ་ནས་ཡིན་ཚུལ་གྱི་ལོ་རྒྱུས་གླེང་མོ་བྱས་