R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༡བ-༢༣༢
[A:༢༡བ-༢༣༢] ཞེས་རྗེ་ཉིད་རང་ལ་བསྔགས་པ་མཛད་པ་ལྟར། ཕྱི་ནང་གི་གྲུབ་མཐའི་ངེས་པ་དང། གསུང་རབ་རྒྱ་མཚོའི་མངའ་བདག་ཏུ་གྱུར་ཏེ་མཁས་པའི་ང་རྒྱལ་གྱིས་དྲེགས་པའི་རྒོལ་ངན་གླང་པོའི་ཚོགས་ཀྱི་སྤོབས་པ་བཅོམ་སྟེ་ལུང་རིགས་སྨྲ་བ་རྣམས་ཀྱི་ནང་ན་མི་འཇིགས་ཤིང། འཇིགས་པ་མེད་པའི་ང་རོ་སྒྲོག་པའི་མིའི་སེང་གེར་གྱུར་ཏེ་སྙན་པའི་བ་དན་དཀར་པོས་ཚངས་པའི་འཇིག་རྟེན་དུ་ཁྱབ་པར་མཛད་དོ། ། དེ་ནསཕུག་པར་འཇམ་དཔལ་གསང་སྒྲུབ་ཀྱི་གཉེན་སྒྲུབ་མཛད་པས་རིལ་བུ་འོད་ཀྱི་དཀྱིལ་འཁོར་དུ་གཟིགས་ཤིང། ཐོ་རངས་ཅུང་ཟད་མནལ་བའི་དུས་ཁྱེའུ་གཞོན་ནུ་ཞིག་གིས་རལ་གྲི་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ནམ་མཁའ་ལ་སྙེག་པ་ལྟ་བུ་ཞིག་གི་རྩེ་ལ། ཨོཾ་ཧྲིིཿ དྷིཿ མཱ་མོ་མུཉྩ་མཉྫུ་ཤྲཱི་མཱིུཧྲིཿ སྲ་ཧཱ། ཞེས་པའི་སྙིང་པོ་ཁྲོལ་ཚགས་སུ་ཡོད་པ་ཅིག་ཕུལ་བ་སྙམ་པ་བྱེད། འཛིན་རྩོད་གཉིས་ལ་མངོན་དུ་གྱུར་པའི་མཚན་མ་བརྙེས། bsTan pa rab gsal resigns as leader of Rwa ba smad college at gSang phu དེ་ནསམཁས་པའི་དབང་པོ་ཉིདཁམས་ཚན་ཤིང་ལྟར་གྱོང་བ་རྣམས་ཀྱི་སྣང་ཚུལ་སྣ་ཚོགས་པས་ཐུགས་འཕྱུང་ཏེ། གསང་ཕུར་བ་སྨད་ཀྱི་ཐུགས་ཁུར་བསྐྱུངས། བྱ་བྲལ་འཆད་ཉན་པའི་ཚུལ་གྱིས་བསྟན་པ་དང་སེམས་ཅན་གྱི་དོན་ལ་ཐུགས་བརྩོན་ཞིང། བོད་པའི་ཆོས་བར་པ་རྣམས་སུ་བཤད་ཉན་