R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༤ན-༢༣༧
[A:༢༤ན-༢༣༧] ༄༅། །ལྕགས་ཕོ་སྟག་ལ་ཚོགས་པ་དབུས་སུ་ཕེབས། བཤེས་གཉེན་དམ་པ་མགོན་རྒྱལ་ལ་བསྟེན་ནས། རྣམ་འགྲེལ་གཞུང་གཟུང་ཕར་ཕྱིན་རོང་ཊཱིཀ་གི །ཚིག་རིགས་སྦྲེལ་ཞིང་རྟགས་རིགས་སྤྱི་དོན་སོགས། །བསླབས་པས་བསྡུས་གྲྭ་ཕེར་བ་ཙམ་ཞིག་བྱུང། ཉེར་གཅིག་པ་ལ་དཔལ་ལྡན་གསང་ཕུ་རུ། མཁས་པའི་དབང་པོ་བསྟན་གསལ་ཞབས་ལ་གཏུགས། རྣམ་འགྲེལརིགས་གཏེར་སྦྲེལ་བའི་སློབ་གཉེར་བྱས། །སྤྱི་ཆོས་སྡོམ་གསུམམདོ་རྩ་བློ་སྦྱོང་རྣམས། །གསུངས་པས་རང་རྒྱུད་འདུལ་ལ་ཕན་པར་བྱུང། ཉེར་ལྔ་པ་ལ་རིག་ཆེན་རྒྱན་བསྐྱུར་ནས། །གཙོ་བོར་ཕར་ཕྱིན་བྱམས་ཆོས་ཕྱི་མ་དང། མདོ་རྩ་མངོན་པ་གོང་འོག་རྩ་འཇུག་སོགས། །སྡེ་སྣོད་ཕལ་ཆེར་དགོངས་འགྲེལ་བཅས་པ་རྣམས། ཡོངས་འཛིན་མཆོག་དང་མཁས་པ་རིན་རྒྱལ་སོགས། །གྲོགས་དན་བསྟེན་ནས་རྩོལ་བ་ཆེ་བར་བྱས། །འོན་ཀྱང་གྲ་སྐོར་ལ་སོགས་བློར་མ་ཤོང། apparently from Chos grub seng ge's lost autobiography །ཞེས་འབྱུང།
དེ་ནས་སླར་གཉེ་ཕུ་ཕུག་པར་བཞུགས་པའི་ཚེ། ས་མོ་ཕག་གི་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་ཐོ་རངས་མནལ་ལམ་དུ། རྗེ་ཉིད་ཀྱི་མཁན་པོ་རིན་པོ་ཆེ་ནམ་མཁའ་ཤིན་ཏུ་དྭངས་པ་ཞིག་གི་མཐོངས་སུ་འཇའ་ཚོན་གྱི་གུར་ཕུབས་པའི་དབུས་ནས་བཞུགས་ཏེ། དཀའ་བཅུ་བ་ཆོས་གྲུབ་བུ་ཁྱོད་དང་ང་གཉིས་ད་རེས་ཕྲད་པ་ཡིན་ནོ། །གསུང་ཞིང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པ་རྨིས་པས། མནལ་སད་མ་ཐག་དགོངས་པ་ལ། མཁན་