R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༡བ-༢༥༢
[A:༣༡བ-༢༥༢] གྱི་ཚོགས་ལ་དབང་འབྱོར་ཞིང། དེ་ཉིད་ནས་གཟུང་སྟེ་མཉམ་པར་གཞག་པའི་དུས་ཐམས་ཅད་དུ། དཔལ་དུས་ཀྱི་འཁོར་ལོའི་བརྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་འབའ་ཞིག་པའི་ཐུགས་ཉམས་ཀྱིས་དུས་འདའ་བ་ལ་སོགས་ཟབ་མོ་གཞན་སྟོང་གི་ལྟ་བ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་སྟེ། སྔར་གསུང་རབ་ཀྱི་དོན་ལ་མཚན་མོ་མིག་བཙུམ་ནས་ལྟ་བ་ལྟ་བུ་ལས་མེད་ཀྱང། དེ་ཕྱིན་ཆད་ཉིན་མོ་མིག་ཕྱེ་ནས་བལྟ་བ་ལྟ་བུར་ཚིག་དོན་ཕལ་ཆེེར་ཐེ་ཚོམ་མེད་པར་རྟོགས་བྱུང་གསུང་ཏེ། འདི་ནི་རྨད་དུ་བྱུང་བའི་རྟོགས་པ་ཁྱད་པར་ཅན་འཁྲུངས་པ་ལས་ཆོས་ཀྱི་སྤྱན་སྒྲིབ་པ་ཐམས་ཅད་དང་བྲལ་བ་མངོན་དུ་མཛད་པ་འགོར་མ་ཆག་གོ gZhan stong Teachings from Go rams pa །གཞན་ཡང་རྗེ་བཙུན་འདི་ཉིད་ཀྱི་དྲུང་དུ་ཟབ་ལམ་གྱི་རྒྱབ་ཆོས་སུ་ཟབ་མོ་གཞན་སྟོང་གི་གྲུབ་མཐའི་གཞུང་འཛུགས་པ་ལ་གསོལ་འདེབས་བསྟན་པའི་སྤྱི་འགྲེལ། དེའི་དོན་རིགས་པས་བསྒྲུབ་པ་བཀའ་བསྡུ་བའི་བཞིངས། ཡང་ན། བཞི་པ།རྩ་འགྲེལ། དེའི་དོན་ལུང་གི་སྒྲུབ་པ་རི་ཆོས་ངེས་དོན་རྒྱ་མཚོ་བསྡུས་དོན་དང་བཅས་པ། དེ་ལ་དོགས་པ་གཅོད་པའི་གནས་དུ་མ་ཡོད་པ་ལས། ངོ་སྤྲོད་ཁྱད་འཕགས། འཕོ་བ་ཁྱད་འཕགས། སྨོན་ལམ་ཁྱད་འཕགས། གསོལ་འདེབས་ཁྱད་འཕགས། སྐུ་བཞིའི་གསོལ་འདེབས། རིགས་ལྡན་གསོལ་འདེབས། བསྟན་པའི་བཤགས་འབྱེད་ཇོ་བོ་