R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 296
[A:296]ལེགས་འཛིན། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཤར་པ་ཤེས་རབ་འབྱུང་གནས། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཡང་ན་བྱ་ཡུལ་བ་གཞོན་ནུ་འོད་ནས། དགེ་བཤེས་འཆད་ཀ་བ། སྐྱེར་སྒང་པ་ཆོས་ཀྱི་སེང་གེ །སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། དཔང་སྟོན་གྲུབ་པ་ཤེས་རབ། སྤྱང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀྱ་མཆོག་ལྡན། སྤྱང་ལུང་པ་གཞོན་ནུ་མཆོག་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །རྗེ་ཀུན་དགའ་རྒྱལ་མཚན། སྔགས་འཆང་དཀོན་མཆོག་ལེགས་འཛིན་མན་འདྲ། ཡང་ན་བོ་དོང་ཕྱོགས་ལས་རྣམ་རྒྱལ་ནས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་ཡེ་ཤེས་རྩེ་མོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། དེ་ནས་བླ་མ་གསུམ་ཙམ་ཞིག་མ་རྙེད། དེ་ནས་མཁན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། དེ་གཉིས་ཀ་ལ་རྒྱལ་དབང་མཆོག་གི་ཞབས། ཉེ་བརྒྱུད་ནི། རྗེ་བཙུན་སྒྲོལ་མས་མཁས་གྲུབ་ནོར་བཟང་རྒྱ་མཚོ་ལ་དངོས་སུ་གནང་ཞིང་བསྟོད་པ་ཤླཽ་ཀ་གང་མང་རྩོམ་ཞིག་དེའི་གྲངས་དང་མཉམ་པའི་ཚེའི་དངོས་གྲུབ་སྟེར་བར་ཞལ་གྱིས་འཆེས་པ་བཞིན་རྗེ་བཙུན་མར་བསྟོད་པ་བརྩམས་པས་དགུང་ལོ་བརྒྱར་ཉེ་བར་བཞུགས། དེ་ལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་གསན་ནོ། ༈ །བཀའ་བབས་གཉིས་པ་ས་ལུགས་ཀྱི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། པཎ་གྲུབ་ཝཱ་གཱི་ཤྭ་ར། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། རྗེ་བཙུན་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན།