R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 315
[A:315] ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁས་པ་ནོར་བཟང་རིན་ཆེན། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྲག་དཀར་རབ་འབྱམས་པ་བསྟན་པ་རབ་གསལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག ། རྗེ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། རིན་པོ་ཆེ་བསྟན་པ་རབ་དཀར། རྗེ་བྱམས་པ་བ། མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་ཐུགས་སྲས་རིན་པོ་ཆེ་ནས། སྐུ་ཞང་ནམ་མཁའི་མཚན། བཀའ་བཞི་པ་རིན་ཆེན་རྒྱལ་མཚན་མན་འདྲ། ཡང་ན་ཐུགས་སྲས་ནས། རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་རྗེ་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། ཞ་ལུ་བཀའ་བཞི་པ་རིན་ཆེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། རྗེ་མཁྱེན་བརྩེའི་ཞབས་མན་འདྲ། ཐོབ་ཡིག་བུམ་པ་བཟང་པོ་ལས་སྤྱི་བཀའ་དང་ཟུར་བཀའི་རྗེས་གནང་ཐོབ་པའི་ལེའུ་སྟེ་དྲུག་པའོ།། །། ༼ཉ༽ ༈ མན་ངག་གི་རིགས་ཁྲིད་ཆེན་དང༌། ཁྲིད་ཙམ་གྱི་སྐོར་ལ། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཁྲིད་དབུ་ཚུགས་ཙམ་ཞ་ལུ་མཁན་ཆེན་དང༌། ཁྲིད་མ་ལུང་གཅིག་རིག་འཛིན་ཆེན་པོ་རིན་ཆེན་ཆོས་ལེགས་དྲུང་དུ་ཐོབ་པའི་བརྒྱུད་པ་བུ་སྟོན་བཀའ་འབུམ་ལུང་བརྒྱུད་བཞིན་ནོ། ༈ །རྣལ་འབྱོར་གྱི་དབང་ཕྱུག་བྱང་པ་རས་ཆེན་དཔལ་འབྱོར་བཟང་པོ་ལ་གསེར་ཆོས་གསུམ་བཀའ་བབས་པ་ཚེ་དཔག་མེད་ལྷ་བཅུ་བདུན་མ་དང༌། ནི་གུ་ཆོས་དྲུག་གི་ཐབས་ལམ་བདེ་དྲོད་རང་འབར་གྱི་ཉམས་ཁྲིད་མཇུག་ཏུ་རླུང་ལ་དོར་བ་དང༌། གསེར་ཆོས་གསུམ་པ་འཕོ་བ་འཇག་ཚུགས་མ་དང་བཅས་པ་སྨིན་རྒྱས་