R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 417
[A:417]བདག་གོ །མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོ་ཡང་ཞུས། བརྒྱུད་པ་འོག་ནའོ། །ཀྱེ་རྡོར་མངོན་རྟོགས་ཡན་ལག་དྲུག་པ་ལམ་འབྲས་སྐབས་ནའོ། །རྡོ་རྗེ་ཕུར་པའི་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་དང༌། དཀྱིལ་ཆོག་རྟོགས་པར་སླ་བ་རྣམས་ཀྱི་བརྒྱུད་པ།
ཆོས་རྗེ་བླ་མ་དམ་པ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ། རྡོ་རྗེ་གདན་པའཇམ་དབྱངས་བྱང་དབང༌། ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚནཚུལ་ཁྲིམས་བཀྲ་ཤིས། རིན་ཆེན་རྒྱ་མཚོ། བསྟན་པ་རྒྱ་མཚོ། ཀུན་དགའ་སྦྱིན་པ། ཀུན་དགའ་ཆོས་འཕེལ། ཕུན་ཚོགས་རྣམ་རྒྱལ། དགེ་འདུན་ཡར་འཕེལ། བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཝཱ་གིནྡྲ་ཤཱྀ་ལ་དྷྭ་ཛ་ལའོ། །
བླ་མ་ཨུ་རྒྱན་རྒྱལ་པོའཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཛིན་པ་པཎ་ཆེན་ཞབས། དེས་བདག་གོ །སྒྲོལ་མ་མཎྜལ་བཞི་པའི་ལུང་བརྒྱུད་ནི། རྗེ་བཙུན་སྒྲོལ་མ། ཇོ་བོ་རྗེ། དགོན་པ་བ། ཞང་ཀ་མ་བ། ལུམ་པ། ཆུ་མིག་པ་ཆེན་པོ། སངས་རྒྱས་སྒོམ་པ། སློབ་དཔོན་དཀོན་མཆོག་གྲགས། མཁན་པོ་བདེ་བ་དཔལ། མཁན་ཆེན་བཀའ་བཞི་པ། མཁན་ཆེན་བསོད་ནམས་གྲགས་པ། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན། བར་འདིར་གསུམ་ཙམ་མ་རྙེད། དེ་ནས་བླ་མ་ཆོས་ཉིད་ཕོ་བྲང་པ། མཁན་ཆེན་བསོད་ནམས་རྒྱལ་པོ། རྡོ་རྗེ་འཛིན་པ་པཎ་ཆེན་པུཎྱ་ཞབས་སོ། །
མང་ཐོས་རྒྱ་མཚོ། ཀུན་དགའ་སྦྱིན་པ། ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། རོང་པ་དཀོན་མཆོག་སྦྱིན་པ། བཀའ་དྲིན་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་མངོན་རྟོགས་རྗེས་གནང༌། སྦྱིན་སྲེག་རྣམས་ཀྱི་ལུང༌།
བརྒྱུད་པ་མཁན་ཆེན་ཆོས་དབང་རྒྱ་མཚོ། བླ་མ་ཀུན་དགའ་ཆོས་འཕེལ། སྦས་སྟོན་བློ་གྲོས་དཔལ་ལྡན། བྱམས་པ་ཀུན་དགའ་དབང་རྒྱལ། བཀའ་དྲིན་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ངག་མིང་ལའོ། །
མཁན་ཆེན་ཞ་ལུ་པ་ལ་ཐོབ་བོ། ༈ །སྤྲུ་ལུང་པ་ཀུན་དགའ་སྨོན་ལམ་གྱིས་མཛད་པའི་ཚེ་དཔག་མེད་དམར་པོ་ལྷ་དགུའི་མངོན་དཀྱིལ་དཔེ་ཚན་གཅིག་གི་ལུང་བརྒྱུད་ནི། རྗེ་ཨུ་རྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། རྡོ་