R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • Pagination (Witness A): 3b
[A:3b]མཁྱེན་པ་དང༌།། ཕ་བྲག་ཐོག་ཆོས་རྗེ་ཁུ་དབོན་དང༌།། རྗེ་པཎ་ཆེན་ནགས་ཀྱི་རིན་པོ་ཆེ།། ཆོས་གསང་སྔགས་རྒྱལ་མཚོའི་མཐར་སོན་པ།། ཁོངརྡོ་རྗེ་སློབ་དཔོན་རིན་པོ་ཆེ།། དཔལ་ཡེ་ཤེས་རྒྱ་མཚོའི་ཞལ་མངའ་དང༌།། བཀའ་འགྱུར་རོ་ཅོག་གི་བདག་པོ་མཆོག རྗེ་ཤཱཀྱ་རྒྱལ་མཚན་ཆེན་པོ་དང༌།། རྔོག་ལོ་ཙྪའི་གདན་ས་པཎ་ཌི་ཏ།། རྗེ་དུས་ཞབསལོ་ཆེན་ཤེས་རིན་ཞབས།། གཞུང་རབ་འབྱམས་བསྟན་བདག་རྫོང་དཀར་བ།། ཡུམ་རྡོ་རྗེ་ཕག་མོའི་ཡབ་གཅིག་པོ།། ལྷ་བདེ་མཆོག་འཁོར་ལོ་གྲུབ་པའི་ཚུལ།། ཕ་རས་ཆེན་དཔལ་འབྱོར་བཟང་པོ་དང༌།། རྔོག་བྱང་ཆུབ་དཔལ་བ་ཁུ་དབོན་དང༌།། དུས་སྙིགས་མའི་རྒྱལ་བ་རྡོ་རྗེ་འཆང༌།། དཔལ་སྤྱན་སྔ་ཞྭ་དམར་ཅོད་པཎ་ཅན།། རྗེ་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ།། དཔལ་ཀུན་བཟང་རོལ་པ་ལ་སོགས་པ།། ལར་མཁས་གྲུབ་བླ་མ་མང་དུ་བསྟེན།། ལར་སངས་རྒྱས་བསྟན་པ་མ་ཚང་མེད།། ཡོང་ཕྱི་ནང་ཆོས་ལ་ཐོས་བསམ་མཛད།། ཁོང་མཁས་པའི་གྲགས་པས་སྟོང་ཁམས་ཁྱབ།། སྐུ་བཙུན་པས་མཐོང་ན་མི་མཐུན་མེད།།
Founding of Gong dkar chos sde ཐུགས་བརྩེ་བས་ཀུན་ལ་བུ་བཞིན་བསྐྱོངས།། གསུང་ནུས་མཐུས་ལྷ་སྲིན་བྲན་དུ་འཁོལ།། སྐྱབས་ཤཱཀྱ་དབང་པོའི་བསྟན་པ་ལ།། ཆོས་མི་ནུབ་རྒྱལ་མཚན་བསྒྲེང་པའི་ཕྱིར།། དཔལ་རྡོ་རྗེ་གདན་གྱི་ཆོས་སྡེ་བཏབ།། རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་ཆེ།། བོད་འགྲན་ཟླ་བྲལ་བའི་གཙུག་ལག་ཁང༌།། དཔལ་ཀུན་བཟང་མཆོད་སྤྲིན་བཅས་པ་བཞེངས།། ཡོང་མདོ་སྔགས་རིག་