R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • Pagination (Witness A): 4a
[A:4a]གནས་བཅས་པའི་ཆོས།། དོན་མ་ཚང་མེད་པར་འཛིན་མཛད་པའི།། ཁོང་བློ་གསལ་དགེ་འདུན་སྟོང་ཕྲག་བསྡུས།། འཁོར་རྒྱ་མཚོ་ལྟ་བུའི་ཚོགས་པ་ལ།། ཆོས་ཕྱི་ནང་ལུང་རྟོགས་ཆར་ཆེན་ཕབ།། ཁོང་བསྐལ་བཟང་བྱང་ཆུབ་ལམ་དུ་བཅུག། ལྷོ་འཛམ་གླིང་མཁས་གྲུབ་སྡེ་ཡིས་ཁྱབ།། ཆོས་མདོ་སྔགས་ཕྱག་བཞེས་རྣམ་པར་དག། རྗེ་བརྩེ་བ་ཆེན་པོ་ཁུ་དབོན་གྱི།། ཐུགས་བཞེད་ཕུག་གྲུབ་མཐའ་ཇི་བཞིན་བསྟན།། ཁོང་མ་རྟོགས་ལོག་རྟོགས་ཕྱིན་ཅི་ལོག། ཕྱི་རྒོལ་ངན་མ་རུངས་ཆོས་བཞིན་བཏུལ།།
Journey to gTsang དཔལ་ས་སྐྱའི་གདན་སར་ཕྱག་ཀྱང་བགྲོད།། སྡེ་ཆེན་པོ་དེ་ཡི་གདུང་བརྒྱུད་དང༌།། ཁོང་ལས་འཛིན་བླ་མ་མི་ཆེན་ཚོགས།། ཁྲོམ་ལྷ་མིར་བཅས་པས་དཔག་ཚད་བར།། སྟོན་མཆོད་སྤྲིན་བསུ་བའི་བཀོད་པ་ཕུལ།། ཞབས་སྤྱི་བོར་བླངས་ནས་བཀའ་བཞིན་བསྒྲུབས།། རྟེན་ཕྱི་ནང་གསང་གསུམ་སྤྱན་ལམ་ཕབ།། གནས་དེ་ཡི་ལྷ་མི་ཐམས་ཅད་ལ།། ཡར་དཀོན་མཆོག་མཆོད་པའི་སྤྲིན་ཕུང་དང༌།། ཡུལ་གང་ལ་གང་བབ་ཟང་ཟིང་དང༌།། ཆོས་བདུད་རྩི་ལྟ་བུའི་དགའ་སྟོན་བསྩལ།། དཔལ་གུ་རུམ་བསེ་འབག་ནག་པོ་ལ།། འཕྲལ་མཆོད་གཏོར་བསྐང་གསོའི་རྒྱུན་གྱིས་མཆོད།། ཞལ་ཡང་ཡང་གཟིགས་ནས་ཆེད་དུ་བསྔགས།། གནས་ཁའུ་སྐྱེས་ལྷས་འཇལ་བའི་ཚེ།། ཆབ་ཁའུ་གཙང་པོས་བསུ་ཆང་ཕུལ།། རྟེན་ངོ་མཚར་བསམ་མི་ཁྱབ་པ་བྱུང༌།། མགོན་སྟོབས་འཕྲོག་ནག་པོ་དངོས་སུ་གཟིགས།། བཀའ་ཇི་བཞིན་བསྒྲུབ་པའི་སྲོག་སྙིང་