R1132: ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་། པར་རྙིང་། མཇུག་བྱང་།

  • Pagination (Witness A): ཅ ༡༥ན
[A:ཅ ༡༥ན]༄༅། །ཕྲིན་ལས་ལྷུན་གྲུབནམ་རིན་དང།། དཔལ་ལྡན་བཟང་པོདངོས་གྲུབ་རྣམ་གཉིས་དང། ། འཕྲུལ་ཆེན་ཡི་གེའི་སྦྱོར་བ་མཁས་རྣམས་དང།། རྐོས་ཀྱི་རིག་བྱེད་རྩེར་སོན་དཔོན་མོ་ཆེ།། མགོན་པོ་དཔལ་སོགས་དྲུག་ལྷག་བཅུ་ཕྲག་གཅིག།། ཡོངས་སུ་ཚོགས་བྱས་ས་མོ་ཕག་གི་ལོའི།། ཁྱད་དུས་ལང་ཚོཙོ་མངོན་པར་གསལ་བ་ན།། པར་དུ་བསྒྲུབས་ཤིང་ཟབ་མོ་ནང་དོན་གྱི།། རྩ་བའང་ཡི་གེའི་འབྱུང་ཁུངསབཟང་པོར་བྱས།། དག་བྱེད་ཤེར་ཕྱིན་འབུམ་པའི་ཚིག་དོན་ལ།། ལེགས་བྱང་དཔལ་ལྡན་རྒྱལ་མཚན་ཞེས་བྱ་དང།། དེ་དང་མཚན་འཐུནམཐུནགནས་བརྟན་འདུལ་བ་འཛིན།། བཤེས་གཉེན་དམ་པ་ཟུང་གིས་ལེགས་བསྒྲུབས་ཏེ།། ལས་བྱེད་སངས་རྒྱས་རྡོ་རྗེའི་དཔལ་སོགས་ཀྱིས།། བགྲང་ཡས་ཡོངས་སུ་འཕེལ་བའི་གཏེར་སྒོ་ཕྱེ།། འདི་ལས་རྣམ་པར་དཀར་བ་གང་ཐོབ་པ།། དེ་ཡིས་འགྲེལ་བཤད་ལེགས་མཛད་མཚུངས་མེད་རྗེ།། གང་དང་དེ་ཉིད་སྤེལ་བར་དགོངས་པ་ཡི།། རྩེ་མོ་གཅིག་བྱུང་འགྲོ་བའི་གཙུག་རྒྱན་རྣམས།། སྐུ་ཚེ་ཕྲིན་ལས་དར་ཞིང་རྒྱས་པ་དང།། ཆོས་ཚུལ་འདི་ཡང་ཆེས་ཆེར་ལེགས་འཕེལ་ཏེ།། ཟབ་ལམ་ཕྱག་རྒྱ་ཆེན་པོ་ལེགས་རྟོགས་ཤིང།། གཞི་ལམ་འབྲས་བུའི་ལམ་གྱི་གནད་རྣམས་ཀུན།། མ་ནོར་ཚུལ་བཞིན་སྒོམ་དང་བཤད་པ་དང།། ཡིད་ལ་བྱེད་པས་མཐའ་དག་འགྲོ་བ་འདི།། བླ་མེད་བྱང་ཆུབ་ཆེན་པོ་མངོན་གྱུར་ཤོག།། ཕྱོགས་འདིར་འབད་བགྱིས་རིག་བྱེད་རྣམས་དང་བྱ་བ་བྱེད་པའི་མི་རྣམས་ཀྱང།། མི་ཕམ་རྒྱལ་བས་རྗེས་སུ་བཟུང་ནས་རང་གི་སྙིང་པོ་ལེགས་མཐོང་གྱུར།། ཡངས་པའི་ས་འདིར་འཁྲུག་ལོང་མེད་ཅིང་འགྲོ་རྣམས་གཙུག་ལག་རྣམ་གཉིས་ཀྱི།། ལེགས་པའི་ལམ་ལ་ངེས་པར་འཇུག་པས་རྣམ་པ་ཀུན་དུ་བདེ་ཐོབ་ཤོག།། ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་བཱ་ཧེ་ཏུནྟེཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་བཾ་པཱ་དཱི་མཧཱ་ཤྲ་མ་ཎཿ །།