R1132: ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་། པར་རྙིང་། མཇུག་བྱང་།

  • Pagination (Witness A): ཅ ༡༤བ
[A:ཅ ༡༤བ]བསམ་ཤིང།། འདོད་པ་ཅི་ཡང་འཇོ་བ་སྩལ།། དཔལ་ལྡན་ངག་གི་དབང་པོ་ཡི།། ཡེ་ཤེས་ཐུགས་ལ་འཕོས་པ་མཚུངས།། གང་གི་ཞབས་སེན་འཕྲོག་བྱེད་དབང།། ལྷར་བཅས་རལ་བའི་ནགས་གཟིམས་བ།། བྱང་ཕྱོགས་གྲུབ་པའི་ཞིང་བཟང་པོ།། ལྟག་ལུང་ཐང་ཞེས་གྲངས་ཡས་པ།། གདན་ས་འདྲེན་པ་མཆོག་གི་ཀྱང།། ཕུན་སུམ་ཚོགས་པའི་དངོས་པོ་ཀུན།། བསོད་ནམས་བཞིན་དུ་ཅི་ཡང་སྦྱར།། དངོས་པོ་ཀུན་གྱི་དེ་བཞིན་ཉིད།། ལྷན་སྐྱེས་ཛཱ་ཏིའི་མེ་ཏོག་ཕྲེང།། གང་ཐུགས་དཔྱིད་དུ་དཔལ་གྱུར་ཀྱང།། རྒྱ་ཆེན་གཞལ་བྱའི་ཆོས་ཀུན་གྱི།། ཐ་སྙད་རྣམ་པར་འཇོག་པ་ན།། ཤིན་དུ་ཕྲ་དང་གཙང་བ་ཡི།། རྣམ་བཞག་བུང་བའི་གླུ་དབྱངས་ཀྱིས།། སྐལ་ལྡན་གདུལ་བྱའི་རྣ་བ་ལ།། བཅུད་ལེན་སྦྱིན་མཁས་རྟག་པར་ཡང།། བླ་མའི་སྲི་ཞུ་སྦྲང་རྩིའི་སྐྱོགས།། འདེགས་ལ་ནམ་ཡང་ངལ་མིན་པ།། དཔལ་ལྡན་ལོ་ཆེན་མཆོག་གི་བཀའི།། རྗེས་འགྲོ་དད་པའི་ནགས་ཀླུང་ལས།། པར་ཤིང་གླེགས་བུ་ཇི་སྙེད་པ།། ཕྱོགས་ལས་རྣམ་རྒྱལ་མངའ་ཐང་ཅན།། ལྷོ་རྒྱུད་དབང་པོའི་དཔལ་ལས་རྙེད།། དེ་ནས་ཀུན་བཟངས་ནགས་འདབས་སུ་བྱུང།། ལུགས་གཉིས་མདུན་ས་དཔལ་ལྡན་ཡངས་པ་ཅན།། འཛིན་མའི་ཐིག་ལེར་འཆི་མེད་གནས་བཟངས་མཚུངས།། མཁས་པའི་སྐྱེ་བོ་མང་པོས་བསྟེན་བྱ་བ།། དཔལ་ལྡན་མངོན་པར་འདུ་བའི་ཕོ་བྲང་དེར།། གང་གི་མཁྱེན་པའི་གོམ་པ་གཅིག་གིས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན།། མ་ལུས་རྒྱུད་སྡེའི་དོན་ཟབ་བདུད་རྩི་བླ་མའི་དྲིན་གྱི་སྙིམ་པ་ཡིས།། རྫོགས་པར་བཞེས་ལས་ཟབ་གསལ་གཉིས་མེད་བདེ་བ་མཆོག་གིས་ཐུགས་གང་ཞིང།། རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་གཙོ།། སྒྲུབ་བརྒྱུད་ཀུན་གྱི་བདག་པོའི་གཙོ་བོ་མཆོག།། དཔལ་ལྡན་ངག་གི་དབང་ཕྱུག་གྲགས་པ་ནི།། ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ་བའི་ལྷ།། ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་སྤྱན་སྔའི་བཀའ།། ཡོངས་སུ་སྩལ་ལས་མཁོ་དགུའི་ཡོ་བྱད་ཀུན།། མ་ཚང་མེད་པའི་དཔལ་མང་ཉེ་བར་ཐོབ།། ཆོས་མིག་རྣམ་བྱེ་སྲིད་འདིའི་བྱ་བ་ལ།། རྨོངས་བྲལ་བསམ་འགྲུབ་གྲགས་པའི་བརྩོན་པ་ཡིས།། མཁོས་སུ་ཕེབས་པའི་བཀོད་པ་ལེགས་བསྒྲུབས་ནས།། རྒྱལ་བའི་