R1222: ལམ་རིམ་འབྲིང་པོ། པར་རྙིང་། མཇུག་བྱང་།

  • Pagination (Witness B): ༡༦༡ན
[B:༡༦༡ན]ལུང་བསྟན་ཀླུ་སྒྲུབཐོགས་མེད་ལ༎ རྣམ་པ་ཀུན་དུ་དད་པས་ཕྱག་བགྱིད་དོ༎ འཛམ་གླིང་བན་ཆེན་ཀུན་གྱི་གཙུག་གི་རྒྱན༎ ཀླུ་སྒྲུབཐོགས་མེད་གཉིས་ཀྱིས་ཕྱེ་བའི་་ལམ༎ ཇི་བཞིན་བཟུང་ནས་གདམས་པ་མཆོག་འདི་ཉིད༎ ཕྱོགས་འདིར་བསྟན་མཛད་ཨ་ཏི་ཤ་ལ་འདུད༎ བློ་བཟང་མཁྱེན་པའི་འོད་ཀྱིས་ཤེས་བྱ་ཡི༎ ས་ཆེན་གཅིག་ཆར་ཁྱབ་པའི་གྲགས་པའི་སྒྲ༎ སྐལ་བཟང་ཀུན་གྱི་རྣ་བའི་དཔལ་གྱུར་པའི༎ བཀའ་དྲིན་མཉམ་མེད་བརྒྱུདརྒྱུད་པར་བཅས་ལ་འདུད༎ ནོར་འཛིན་ས་ཡི་ལྟེ་བ་རྡོ་རྗེ་གདན༎ དེ་དང་མཚུངས་པར་ར་ས་འཕྲུལ་སྣང་གི༎ དཔལ་འབྱོར་མ་ལུས་འདུ་བའི་ཕོ་བྲང་ནི༎ རི་དབང་ལྷུན་པོའང་ཟིལ་ཀྱིས་གནོན་པ་ནས༎ སྐྱེས་བུ་གསུམ་གྱི་ཉམས་སུ་བླང་བའི་ལམ༎ ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ཕྲིང༎ དཔལ་ལྡན་མར་མེད་མཛད་ཀྱི་གདམས་པ་མཆོག༎ ཉམས་སུ་བཞེས་པའི་འཐུན་རྐྱེན་འཛོམ་པ་དེས༎ སྔོན་བསགས་ཚོགས་གཉིས་བརླབས་ཆེ་བསྐྲུན་པའི་མཐུས༎ མཐོ་རིས་ཡོན་ཏན་ཀུན་ལྡན་མངོན་མཐོའི་རྟེན༎ ཐོབ་ཚེ་ཕྱི་མར་བདེ་བའི་ཐབས་ཚོལ་བ༎ [A:9]་གང་དེ་དམ་པའི་སྤྱོད་པར་ལེགས་དགོངས་ཏེ༎ རྒྱལ་བའི་གསུང་རབ་ཀུན་ཀྱི་གནད་རྣམས་ཀུན༎ གཅིག་ཏུ་བསྡུས་པ་བྱང་ཆུབ་ལམ་རིམ་འདི སྤར་དུ་བསྒྲུབས་ནས་ཆོས་ཀྱི་སྦྱིན་པ་ཡིས༎ མཁས་པའི་ཚོགས་ཀྱི་ཡིད་རབ་ཚིམ་པར་མཛད༎ གང་འདི་དཔལ་འབྱོར་ནོར་དང་དཔུང་གི་ཚོགས༎ འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་འདྲནའདྲན་པའི༎ མི་དབང་ཡབ་ཡུམ་སྲས་བཅས་སྐུ་ཚེ་དང༎ ཆབ་སྲིད་ཡར་ངོའི་ཟླ་ལྟར་འཕེལ་བ་དང༎ ཚེ་རབས་ཀུན་ཏུ་རྗེ་བཙུན་ཙོང་ཁ་པས༎ དགྱེས་བཞིན་རྗེས་སུ་བཟུང་བའི་བཀའ་དྲིན་ལས༎ གཏིང་དཔག་དཀའ་བའི་ཆོས་ཚུལ་རྒྱ་མཚོ་ལ༎ བློ་གྲོས་ཐོགས་མེད་འཇུག་པར་བྱ་ཕྱིར་དང༎ གླིང་བཞིའི་དབུས་ན་ལྷུན་པོ་རབ་མཛེས་ཤིང༎ མ་ཕམ་ཉི་མ་རྡོ་རྗེ་གདན་སྤོ་ལ༎ ཇི་སྲིད་ཤར་པར་མ་གྱུར་དེ་སྲིད་དུ༎ ཆོས་ཀྱི་མཛོད་འདི་གནས་པར་བྱ་ཕྱིར་ཡིན༎ བསྐོས་མཁན་མཁས་པ་མོན་རྡོར་ངག་དབང་དང༎ དཔལ་བཟངས་ལ་སྭོགས་མཁས་པའི་ཚོགས་ཀྱིས་གཟབས༎ ཕྱི་མོའི་ཡིག་གེ་དགེ་བསྙེན་དོན་རྒྱལ་དང༎ དག་བྱེད་པ་ནི་ཀུན་མཁྱེན་པད་མ་བཟང འདི་ཡི་དགེ་བས་སྐྱེ་རྒུ་ཐམས་ཅད་ཀྱི༎