R1222: ལམ་རིམ་འབྲིང་པོ། པར་རྙིང་། མཇུག་བྱང་།

  • Pagination (Witness B): ༡༦༡བ
[B:༡༦༡བ] ་རྒྱལ་བའི་བསྟན་པ་མཆོག༎ ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་པ་དང༎ བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་འཕེལ་བར་ཤོག༎ ཁྱད་པར་སྙིགས་མའི་དུས་འདིར་ཐུབ་པ་ཡི༎ བསྟན་པའི་སྙིང་པོ་མཐའ་དག་གསལ་མཛད་པ༎ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི༎ ལུགས་བཟངས་ཕྱོགས་དུས་ཀུན་ཏུ་རྒྱས་པར་ཤོག༎ ་ཚོགས་གཉིས་བརླབ་པོ་ཆེ་དཔག་ཏུ་མེད་པ་བསྐྲུན་པ་ལ་བརྟེན་ནས། ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་འཁྲུངས་པའི། དད་པ་དང་གཏོང་བ་ལ་སོགས་པའི་རྐྱེན་གྱིས་ཉེ་བར་མཛེས་མཆོག་ཏུ་གྱུར་དྲུང་བུ་ཁྲིད་དཔལ་འཛོམཆེན་པོ་དཔལ་འབྱོར་རྒྱལ་པོའི་ཁུ་དབོན་པའི་སྐུ་ཚེ་དང་ཆབ་སྲིད་བརྟན་པར་བྱ་བའི་ཕྱིར། ལྡན་པར་བྱ་བའི་ཕྱིར། གནམ་ལ་ས་སྐྱོང་ཤིང་མོ་བྱའི་ཟླ་བ་བརྒྱད་པའི་ཚེ་བཅུའི་ཉིན་མ་སྟག་གཟའ་ལྷག་པ། སྐར་མ་ལྷ་མཚམས། འཕྲོད་གཞོན། སྦྱོར་བ་སེལ་པ་རྣམས་འཛོམ་པའི་གཟའ་སྐོར་འཕྲོད་སྦྱོར་བཟང་པོ་ལ། གཞིས་ཆེན་སྣེའུ་རྫོང་དུ་…པར་དུ་བརྐོས་པ…འདི་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་བྱེད་ནུས་པར་གྱུར་ཅིག༎ …༎