R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༣ན
[A:༢༠༣ན] པའི་སྐབས་སུ་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཕྱི་སྒྲུབ་དང་། ནང་ལུས་ལ་བརྟེན་པ་རྣམས་སྦྱིན་ཞེས་དང་། བྱུང་ལུགས་གཏོར་མ་དང་བཅས་པའི་ཁྲིགས་ལས་ཀྱང་། ནང་གི་རྣལ་འབྱོར་ཡིན་ན་ཐུན་གྱི་རྗེས་སུ་མགོན་པོ་འཁོར་བཅས་བདག་ཉིད་ཀྱི་ལྟེ་བར་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་བསྡུས་ལ་གཞག་པར་གསུངས་པ་དང་། གཞན་ཡང་དེ་འདྲའི་རིགས་ཅན་མང་དུ་ཡོད་པས། ཁུངས་དེ་དག་ལ་བརྟེན་ནས་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་ནང་ཁྲིད་ཀྱི་ཡི་གེ་རྒྱས་པ་འདི་མཛད་ཅིང་། ཁ་ཅིག་འདི་ལ་བཀའ་བརྒྱུད་པའི་ཆོས་སྐྱོང་ཕྱག་བཞི་པའི་མན་ངག་ནས་རྒྱས་བཀབ་པ་ཡིན་གྱི། རང་ལུགས་ལ་ནང་གི་མན་ངག་ལས་སྦྱོར་ཐོར་བུ་མ་གཏོགས་ཁྲིད་རིམ་དུ་བྱེད་རྒྱུ་མེད་གསུངས་པ་ནི། གོང་དུ་དྲངས་པའི་ཡིག་རྙིང་དེ་དག་ཀྱང་མ་གཟིགས་པར་སྣང་ཞིང་། རང་ཉིད་ལ་འདི་སྐོར་གྱི་རྒྱུས་མེད་པའི་དེ་ཉིད་སྟོན་པར་ཟད་དོ། །དེས་ན་ནང་སྒྲུབ་འདི་ལ་བསྙེན་སྒྲུབ་ལས་གསུམ་གྱི་