R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༣བ
[A:༢༠༣བ] མན་ངག་ཆ་ཚང་པར་ཡོད་པ་མལ་ལོ་སོགས་ཀྱིས་བཤད་ཅིང་། དེ་ཡོད་ཕྱིན་བླ་མས་ཀྱང་ཁྲིད་རིམ་དུ་བྱས་ནས་བསྟན། སློབ་མས་ཀྱང་དམིགས་ཐུན་དུ་བཅད་ནས་བསྒོམ་པ་ལ་སྐྱོན་ཅི་ཡོད་སོམས་ཤིག དེས་ན་ཞལ་ངོ་ནང་བརྒྱུད་ལས་འོངས་པའི་གསང་ཁྲིད་ཐོབ་པ་དག་གིས་བལྟས་ན། ཡར་ལུང་པའི་འདི་ནང་ཁྲིད་ཐུན་མོང་བ་ཙམ་དུ་མཐོང་སྟེ། འདི་ལས་རྩ་ནང་ཙམ་དུ་ལྷ་བསྐྱེད་པར་བཤད་ལ། ཞལ་ངོ་ནང་བརྒྱུད་ལས་འོངས་པ་ལ་ནི་རྩ་ཐིག་རླུང་གསུམ་དང་དབྱེར་མེད་དུ་ལྷ་བསྐྱེད་པ་ཡིན་ཞིང་། གཞན་ཡང་གཞི་སྐྱེ་མེད་དངོས་པོའི་གནས་ཚུལ་ལ་མཁས་པ་ཞེས་བྱ་བ། ཕྱི་ནང་གསང་གསུམ་གྱི་དྲེགས་པ་རྒྱུད་གསུམ་ངོས་བཟུང་ནས། ཆོས་ཐམས་ཅད་སེམས་ཉིད་གསལ་སྟོང་ཟུང་འཇུག་གི་ཆོ་འཕྲུལ་དུ་སྟོན་པ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཡོད་དོ། །རྩ་དང་དབྱེར་མེད་དུ་ལྷ་བསྐྱེད་པ་ནི་ཡིག་རྙིང་ལས་ཀྱང་བཤད་དེ། རོ་མའི་རྩ་མདུད་དང་དབྱེར་མེད་དུ་མགོན་པོ་རྐྱང་མའི་རྩ་མདུད་དང་དབྱེར་མེད་དུ་ལྷ་མོ་སོགས་བསྐྱེད་