R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༣༩
[A:༡༣༩]ར། དེ་གཉིས་ཀ་ལ་ཁྱུང་པོ་དབྱིག་འོད། ཅོག་རོ་རྒྱལ་འབུམ། དམ་པ་ཁུ་དྲོ། དཔལ་གཞོན་ནུ། དེ་གསུམ་ཀ་ལ་ཅོག་རོ་རྒྱལ་བའི་ཡོན་ཏན། དེ་བཞི་ལ་ཡོན་ཏན་བཟང་པོ། ཅོག་རོ་བྱང་ཆུབ་འབྱུང་གནས། ཟ་རིག་འཕགས་པ། རྨུགས་བྱང་ཆུབ་སྙིང་པོ། དམར་སྒོམ་ཆེན། ཡོན་ཚུལ། ལྕེ་བསོད་ནམས་བཟང་པོ། དེ་གཉིས་ཀ་ལ་མགར་སྟོན་ཚུལ་བཟངས། ཡ་ཤུད་བློ་བཟངས་མན་སྔར་བཞིན་ནོ། །རིགས་བསྡུས་ཀྱི་བསྒྲུབ་དཀྱིལ་བྱམས་པ་གླིང་པས་མཛད་པའི་ལུང་གི་བརྒྱུད་པ་ཡང་འདི་ཉིད་དོ། །ཡང་མཉམ་སྦྱོར་རྡོ་རྗེ་སེམས་དཔའི་ཟུར་བཀའ་སྒྲུབ་ཐབས་ཀྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་མཁའ་འགྲོ་མ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། འགྲོ་བཟངས་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ། གཉན་ཚུལ་ཁྲིམས་འབར། མགོས་རིན་ཆེན་བཟང་པོ། གཞོན་ནུ་སེང་གེ བྱང་ཆུབ་རིན་ཆེན། ཤཱཀྱ་རྡོ་རྗེ། ཆོས་གྲགས་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། ངག་གི་དབང་ཕྱུག མཁས་བཙུན་བྱང་སེང༌། ས་བཟངས་འཕགས་པ། བླ་མ་ཀུན་དགའ་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། དཔལ་བྱམས་པ་གླིང་པ། དེས་བདག་ལའོ། ༈ །གདན་བཞི་ལྷ་མངས་ཀྱི་དབང་དང༌། སྒྲུབ་ཐབས་ཛ་ག་ཏ་ཨཱ་ནནྡ་ཛཱི་བས་མཛད་པ་དཔལ་བྱམས་པ་གླིང་པས་མཛད་པའི་སྒྲུབ་དཀྱིལ། ཆུའི་སྦྱིན་བསྲེག ཡུམ་བཀའ་ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་དང་བཅས་པ་རྣམས་ཀྱི་ལུང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། དརྤན་ཨཱ་ཙརྻ། ས་མནྟ་བྷ་དྲ། ཛྙཱ་ན་ཛྱོ་ཏི། ཤྲཱི་ཧ་ནུ་མནྟ། ཤྲཱི་མཉྫུ་བྷ་དྲ། ཤྲཱི་བྷ་དྲ། དྷརྨཱ་ཛྱོ་ཏི་བྷ་དྲ། མ་ན་ཛཱི་ཝ་བྷ་དྲ། གོ་ཏཾ་ཤྲཱི་བྷ་དྲ། ཤྲཱི་བྷི་ཉྫ་ཡ་བྷ་དྲ། ཤྲཱི་མ་ད་ན་བྷ་