R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༤༠
[A:༡༤༠]དྲ་པཱ་ད། ཤྲཱི་ལཀྵྨི་བྷ་དྲ་པཱ་ད། ག་ག་ན་བྷ་དྲ། ཨུ་དཱ་ཛཱི་ཝ་བྷ་དྲ། ཤྲཱི་ཧརྵ་བྷ་དྲ་པཱའ་ད། ཨ་བྷ་ག་བཱི་ར། བལ་ཡུལ་ཡེ་རང་གི་པཎྜི་ཏ་ཛ་ག་ཏ་ཨཱ་ནནྡ་ཛཱི་ཝ་བྷ་དྲ། དེའི་སྲས་པཎྜི་ཏ་མ་ཧཱ་བོདྡྷི། ས་བཟངས་འཕགས་པ་གཞོན་ནུ་བློ་གྲོས། བླ་མ་དམ་པ་ནམ་མཁའ་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། དཔལ་བྱམས་པ་གླིང་པ་ཆེན་པོ། དེས་བདག་ལའོ།། ༈ །།སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་པའི་དབང་དང༌། སྒྲུབ་དཀྱིལ་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཨཱརྻ་དེ་ཝ། ནག་པོ་ཞབས། དེ་ཝ་ཨཱ་ཀ་ར་ཙནྡྲ། ཨ་མོ་གྷ་བཛྲ། མར་པ་ལོ་ཙཱ་བ། མཚུར་དབང་གི་རྡོ་རྗེ། འཁོན་གད་པ་ཀཱིརྟི། ཡར་ལུངས་ཀྱི་སྙགས་དམར་པོ། འགོས་རི་ཁྲོད་དབང་ཕྱུག བལ་པོ་དབང་མགོན། རིན་ཆེན་བཟང་པོ། གན་པ་རིན་རྒྱལ། དགའ་ལྡན་པ་ཀུན་བསོད། བག་སྟོན་པ། གཡུང་སྟོན་རྡོ་རྗེ་དཔལ། མཁན་ཆེན་གྲགས་ཚུལ། མཁན་ཆེན་བྱང་སེང་པ། ས་བཟངས་འཕགས་པ། རྗེ་བཙུན་ནམ་མཁའ་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། དཔལ་བྱམས་པ་གླིང་པ། དེས་བདག་ལའོ།། ༈ །།ཡང༌། སངས་རྒྱས་ཐོད་པ་ལྷ་དགུ་པའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཨཱརྻ་དེ་ཝ་སོགས་ས་བཟངས་འཕགས་པ་ཡན་ལྷ་ཉེར་ལྔ་པ་དང་འདྲ་བ་ལས། དེ་ལ། བླ་མ་ཀུན་དགའ་བཟང་པོ། དམར་སྟོན་སོགས་གོང་བཞིན་ནོ། ༈ །ཐོད་པའི་བཀའ་འགྲེལ་ཡེ་ཤེས་ལྡན་དང༌། བསྒྲུབ་དཀྱིལ་གྱི་གཞུང༌། དངོས་གྲུབ་མཉེས་པའི་སློབ་དཔོན་ས་ར་ཧ་པས་མཛད་པའི་བརྒྱུད་པ་ནི། ས་ར་ཧ། ཀླུ་སྒྲུབ། ཤ་ཝ་རི་པ། མཻ་ཏྲི་པ། མར་པ་ལོ་ཙཱ། རོ་མཉམ་རྡོ་རྗེ། རྒྱ་ཕོ་བ་ལུང་པ་ཡོན་ཏན་གྲགས། ཤཱཀྱ་རྡོ་རྗེ། ཁམས་པ་ཆོས་