R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༥
[A:༣༥]དང༌། མལ་ཆ། ནོར་རྫས་བསྲུང་བ། མགོན་པོ་རྟག་པའི་སྤོས་སྦྱོར། མཆོད་པའི་སྤོས་སྦྱོར། ཁམས་གསུམ་དབང་བསྡུས་ཀྱི་ལས། མི་ནོར་དབང་དུ་བྱ་བ་ཡིད་བཞིན་ནོར་བུའི་མན་ངག འཁོན་ནག་ཟས་སུ་ཟ་བ། མ་ཧཱ་བ་ལས་འདྲེ་མནན་པ། སྲིའུ་གསོ་བ། མངལ་བསྲུང་བ། བུ་འཚོལ་བ། སྲིའུ་གསོ་ཐབས་གཉིས་པ། ཆུང་སྲི་འདུལ་བ། དུར་ཁྲོད་དུ་གསད་པའི་ལས་སྦྱོར། མཛེ་བཏང་བ། རབས་བཅད་པ། ཞིང་སེལ། རིམས་བཏང༌། གྲོང་ཁྱེར་དཀྲུག བསྐྲད་པ་བྱ། དབང་དུ་བསྡུ། སྒོང་ཟོར་གྱི་ལས། གཏུམ་པོའི་ཤ་བཟློག ཁྱུང་ཟོར་གྱི་ལས། བསྐྲད་ལས་མཐར་ཐུག རྫས་ལ་རྟེན་ནས་བསྒྲུབ་བྱ་དབང་དུ་བྱ་བ། གསང་སྔགས་རིང་ཐུང་སྤེལ་ཚིག་བྱ་ཐབས། དགྲ་ལ་ལྟས་ངན་བཏང་བ། བསྲེག་པ་ཡུངས་ཀར་གྱི་ལས་རྣམས་སོ།། །།ཡང༌། ལོ་རྒྱུས་རྗེས་གནང་གི་ཡི་གེ་སེང་རྒྱལ་བས་མཛད་པ། གཏོར་ཆེན་དང་དུས་གཏོར་གྱི་ཡི་གེ ལྷ་མཆོག་མ་ཧཱ་ཀ་ལ་ཞེས་པའི་སྤྱན་འདྲེན། བསྐང་གསོ་ཁྱེད་མཐུན་མ། མཆོད་པ་དུར་ཁྲོད་གནས་བརྒྱད་མ། བསྟོད་པ་རིན་ཆེན་རྡོ་རྗེས་མཛད་པ། གཉན་ལོས་མཛད་པའི་པད་ཉིད་རོ་སྟེངས་མ། མི་རྟོག་དབྱིངས་ནས་ཞེས་པའི་བསྟོད་པ། ཁའུ་པས་མཛད་པའི་རྡོ་རྗེ་འཆང་དབང་མ། ས་ཆེན་གྱིས་མཛད་པའི་འཇིགས་བྱེད་དཔའ་བོ། ས་པཎ་གྱིས་མཛད་པའི་དཔལ་ལྡན་དབང་ལྡན་མ། སངས་རྒྱས་ཐམས་ཅད་གཅིག་བསྡུས་ཞེས་པ་འཕགས་པས་མཛད་པ། སྲིད་གསུམ་དབང་བསྒྱུར་ཞེས་པ་དང༌། སྟོང་ཉིད་སྙིང་རྗེ་ཞེས་པ་བླ་མ་དམ་པས་མཛད་པ། མཐུ་ཆེན་སྡང་བའི་ཞེས་པ་གནས་དྲུག་པས་མཛད་པ། སྐུ་གསུམ་མངོན་གྱུར་ཞེས་པ། གཟུངས་ཀྱི་དཔལ་བས་མཛད་པ། རྒྱལ་བ་ཀུན་གྱི་ཞེས་པ་བྷ་ཏྲ་ཤྲཱིས་མཛད་པ། ནག་པོ་ཆེན་པོ་མཆེ་བ་ཅན་ཞེས་པ་ཡི་གེ་རྙིང་པ་ལས་བྱུང་བ། ལེགས་ལྡན་ནག་པོའི་ཞེས་པ་