R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦
[A:༣༦]དང༌། དཔལ་ལྡན་མགོན་པོ་ཞེས་པའི་བསྐུལ་ཚིག་གཉན་ལོས་མཛད་པ། མདོས་ཆོག་ཁའུ་པས་མཛད་པ་རྣམས་སོ། །ཡང༌། བཀའ་བསྲུངས་དུར་ཁྲོད་བདག་པོའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། ཤྲཱི་བཛྲ་ར་ཧཱུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། བཻ་རོ་ཙ་ན། རྒྭ་ལོ་ཙ་བ། ས་ཆེན་པ། རྗེ་བཙུན་སྐུ་མཆེད། བླ་ཆེན་ཡར་བསྒོམ། བླ་མ་རྒྱལ་ཚ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ལུངས་པ་སེང་གེ་རྒྱལ་མཚནམཁན་ཆེན་བསོད་ནམས་རྒྱལ་མཆོག ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །དེའི་ཡིག་ཆའི་རིམ་པ་ནི། བརྟེན་བཅའ། བསྙེན་པ་སྐྱལ། དངོས་གྲུབ་སྒྲུབ། བདག་བསྲུང༌། གཞན་བསྲུང༌། གྲོང་ཁྱེར་གྱི་རིམས་དང་དགྲ་རྐུན་བསྲུང༌། ཤེས་རབ་བསྐྱེད། རང་གཞན་གྱི་གདུག་པ་གཞོམ། སྔགས་ལ་ཤམ་བུ་གདགས། རིགས་སྔགས་བཟློག ལས་སྤྱིའི་སྒྲུབ་ཐབས། འབྲུ་སྤེལ། མར་སྤེལ། ཞིང་གི་ལོ་སྤེལ། ཐབ་གཏེར་འཛུགས། ཁ་ཟས་བསྡུ། མི་བྱམས་པར་བྱ། བདག་གི་དམག་བསྲུང༌། གཞན་གྱི་དམག་བཟློག སྤྱིར་ཅི་བསམས་པ་ཐམས་ཅད་བསྒྲུབ། ནང་ཚང་གི་ཡམས་བསྲུང༌། དུས་མིན་འཆི་བ་བཟློག ཕྱོགས་ཀྱི་དོན་བསྒྲུབ། སྲིའུ་གསོ། དབང་སྡུད་བྱ་བ། ཞིང་ལ་གནོད་པ་བསྲུང༌། ཕྱུགས་ནད་བཅད། ལམ་བསྲུང༌། འདི་ལ་ལས་སྣ་སུམ་ཅུ་ཙམ་འདུག་པ་བཻ་རོ་ཙ་ནའི་ཞལ་གདམས་ས་ཆེན་པས་སྒྲིགས་པ། ཡབ་ཡུམ་གྱི་རྟེན་སྐུ་སྦ་བའི་མན་ངག་ས་ཆེན་པས་མཛད་པ། མཆོད་གཏོར་འབུལ་བའི་ལས་སྒྲིགས། སེང་གེ་རྒྱལ་མཚན་གྱིས་མཛད་པ། བཤམ་ན་ཇག་ཆིངས་དང་བཅས་པའོ།། ༈ །།ཡང༌། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྗེས་གནང་དང༌། གཏོར་ཆོག་ཆོས་རྗེ་ཉིད་ཀྱིས་མཛད་པའི་སྟེང་ནས་བཀའ་