R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༧
[A:༣༧]ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མགོན་པོ་ཀླུ་སྒྲུབ། འཕགས་པ་ལྷ། རྡོ་རྗེ་གདན་པ། རྩ་མི་སངས་རྒྱས་གྲགས། ཁམས་པ་རྒྭ་ལོ། འགྲོ་མགོན་རྡོ་རྗེ་རྒྱལ་པོ། རྗེ་སྤྱན་སྔ་བ། རྒྱལ་བ་རིན་པོ་ཆེ། བཅུ་གཉིས་རྙིང་མ་བ། བླ་མ་ཝ་ལ་བ། སློབ་དཔོན་དབང་བསོད་པ། བཅུ་གཉིས་པ་གྲགས་པ་ཤེས་རབ། འཇམ་དབྱངས་གུ་ཤྲཱི། སྤྱན་མངའ་གྲགས་པ་བྱང་ཆུབ་པ། ཀུན་སྤངས་ཆེན་པོ་བསོད་ནམས་གྲགས་པ། སྤྱན་མངའ་བསོད་ནམས་རྒྱལ་མཚན། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། བླ་མ་མགོན་པོ་དབྱེར་མེད་དུ་སྒྲུབ་པའི་གཏོར་དབང་བར་ཆད་ཀུན་སེལ་དང༌། རྗེ་ཉིད་ཀྱིས་མཛད་པའི་གཏོར་ཆོག་བསྡུས་པ། བསྟོད་པ་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་ནི་གུ། ཁྱུང་པོ་རྣལ་འབྱོར། མཉམ་མེད་རིན་བརྩོན། ཁམས་ཆེན་བྱང་ཆུབ་དཔལ། མངའ་རིས་འཛིམ་པ་རྒྱལ་མཚན་དཔལ། ཀུན་མཁྱེན་གངས་ཁྲོད་པ་གྲགས་པ་དཔལ། མཁས་གྲུབ་ཆོས་རྗེ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཁྱབ་བདག་རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་ནི་གུ་མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་སངས་རྒྱས། ཆོས་རྗེ་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། མཁས་གྲུབ་ཚུལ་ཁྲིམས་མགོན་པོ། མཁན་ཆེན་གྲགས་པ་ཚུལ་ཁྲིམས། བཟད་པ་རིན་ཆེན་རྒྱལ་མཚན། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། དཔལ་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ། གྲྭ་པ་མངོན་ཤེས་དབང་ཕྱུག་འབར། གྲྭ་པ་ཐུགས་རྗེ་འབུམ། ཡོལ་སྟོན་ཐོགས་