R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 10a
[B:10a]ཆད་དུ་ཕྱག་བཞེས་བཏབ་ཅིང་། གཞན་ཡང་སྤེལསྤྲེལ་ཆེན་གྱི་ཐོག་དུཏུ། ཁང་བརྩེགས་ཀྱི་བཀོད་པ་གཞན་དག་ལས་ཁྱད་པར་འཕགས་ཤིང་། དེ་ཉིད་དུརྒྱུད་མན་ངག་གི་བླ་མ་དམ་པ་རྣམས་ཀྱི་རིམ་པ་ཚར་དུ་དངར་བ་དང་། ཡི་དམ་ལྷ་ཚོགས་ཀྱི་བཀོད་རིས་སོགས་རྨད་དུ་བྱུང་བ་ལམ་འབྲས་ཕོ་བྲང་ཞེས་པའི། འཆི་མེད་ཀྱི་གྲོང་ཁྱེར་མངོན་སུམ་པ་ལྟ་བུ་བསྒྲུབ་པར་གནང་བས། དེང་སངགངས་རིའི་ལྗོངས་འདིར་ཁང་བརྩེགས་སླར་བགྱི་བ་རྣམས་ཀྱི་ཕྱི་མོར་གྱུར་པ་ཞིག་མཛད་པ་དང་། Bringing gNyan mgon Bram ze under control as dharma protector, providing offerings and site of residence སྔར་ཆོས་བཞིན་ས་སྐྱོང་བའི་ཡབ་རྗེ་དག་གིས་གཉན་གྱི་མགོན་པོ་བྲམ་ཟེའི་གཟུགས་ཅན་ཡབ་ཡུམ་གྱི་སྐུ་འབུར་དོད་ཆེར་རྔམ་ཞིང་ངོ་མཚར་བ་ཞིག་བསྒྲུབ་པར་མཛད་པ་ལས། ཇི་ཞིག་ན་འཁུ་ལྡོག་གཉན་བྱའི་རྣམ་པ་མངོན་སུམ་དུ་གྱུར་པས་ཅུང་ཟད་སྦསླ་བའི་ཚུལ་དུ་མཛད་དགོས་བྱུང་ཞིང་། དེ་དག་ལ་ཡང་སུས་ཀྱང་གཡོ་རེག་མ་ནུས་པ་བཞུགས་པ་ལས། རྗེ་བཙུན་འདི་ནི་སྤྱིར་བཀའ་སྲུང་རྣམས་དང་། ཁྱད་པར་གཉན་མགོན་ཞལ་བཞི་པ་ལ་མངའ་དབང་དུ་གྱུར་པས། དེ་[A:27]དག་གི་ཕྱི་རོལ་གྱི་གབ་པའི་ཚུལ་རྣམས་བསལ་ཏེ། བཞུགས་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་མཆོད་གཏོར་སྤྱན་གཟིགས་དང་བཅས་པས་ཉེ་བར་བརྒྱན་ཏེ། གྲུ་འཛིན་ཞེས་པར་མངའ་གསོལ་བར་མཛད་པ་ན། མཐོང་ཐོས་བྱིན་ཇིགསའཇིག་ཤིང་ངོ་མཚར་བའི་གནས་སུ་གྱུར་པ་ཡང་མཛད་དོ། ། མདོར་ན་རྣམ་པར་དག་པའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་བདག་རྐྱེན་གྱི་ན་བའི་ཟོག་པོ་ཐོ་ཅོའི་སྤྱོད་པ་བྱེད་པའི་བསྟན་པ་ལ་རྨ་འབྱིན་པ་རྣམས་ཚར་བཅད་དེ་རྒྱུན་གཅོད་པར་མཛད་པ་སོགས་ལུགས་གཉིས་དང་ལྡན་པའི་སྒོ་ནས། རྒྱལ་སྲིད་འཕགས་ཡུལ་གྱི་ས་སྐྱོང་བ་ཇི་བཞིན་དུ་སྐྱོང་བར་མཛད་དོ། ། སྨྲས་པ། འཁོར་ལོས་སྒྱུར་བ་འཁོར་བ་ཡི། ། ཕུན་ཚོགས་གཞན་དོན་ཁོ་ནར་སྤྱོད། ། ཇི་ལྟ་དེ་ལྟར་འཇིག་རྟེན་གྱི། ། སྐྱོན་བྲལ་