R830: སྔགས་རིམ་ཆེན་མོ། པར་རྙིང་། མཇུག་བྱང་།

  • Pagination (Witness B): ༣༦༠བ
[B:༣༦༠བ]འཛིན ༎ བྱང་ཆུབ་ཐུགས་གཉིས་འབྱོངས་པ་རྒྱལ་བའི་སྲས ༎ རིམ་གཉིས་ལམ་ལ་དབང་ཐོབ་རྡོ་རྗེ་འཛིན ༎ སྙིགས་དུས་འགྲོ་བའི་གཉེན་གཅིག་ཙོང་ཁ་པས ༎ རིག་འཛིན་སྡེ་སྣོད་ཀུན་ལ་བལྟ་བའི་མིག ༎ མདོ་སྔགས་རྒྱུད་སྡེ་བཞི་ཡི་ཁྱད་པར་དང ༎ རེ་རེ་ལ་ཡང་དབང་བསྐུར་དམ་ཚིག་སྲུང ༎ ལམ་འབྲས་མངོན་དུ་བྱེད་ཚུལ་བཞིར་བསྡུས་ནས ༎ བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་ལམ་གྱི་གནད ༎ མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་བསྒོམ ༎ བླ་མེད་དབང་ལ་ས་ཆོག་ལྷག་པར་གནས ༎ དཀྱིལ་འཁོར་བྲི་སྒྲུབ་འཇུག་པའི་ཆོ་ག་དང ༎ རྒྱུད་དོན་མ་ལུས་དབང་གི་ལམ་དུ་ནི ༎ ངེས་པ་སྟེར་བའི་དབང་བཞིའི་གདམས་པ་བསྟན ༎ སྐྱེ་ཤི་བར་དོ་སྐུ་གསུམ་བསྒྱུར་བྱེད་པའི ༎ ཐབས་ཀྱི་དམ་པ་རིམ་གཉིས་སྒོམ་ཚུལ་ལ ༎ བྱ་བྲལ་ལམ་གྱིས་བགྲོད་པའི་ལུགས་བཀག་ནས ༎ རྡོ་རྗེ་བཞིས་སྐྱེད་ཏིང་འཛིན་རྣམ་པ་གསུམ ༎ རྣལ་འབྱོར་བཞི་ལྡན་ཡན་ལག་དྲུག་ལ་སྩོགས ༎ སྤྱི་ཆིངས་རྨད་དུ་བྱུང་བའི་བསྐྱེད་རིམ་བསྒོམ ༎ [A:4] རྫོགས་རིམ་ཐབས་ཤེས་རྒྱུད་ཀྱི་གཙོ་བོའི་ལམ ༎ དུས་པའི་རིམ་ལྔ་ཟབ་གསལ་གཉིས་སུ་མེད ༎ དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག ༎ བདེ་དགྱེས་ལས་གསུངས་རིམ་ལྔ་རྣལ་འབྱོར་ཆེ ༎ འཁོར་ལོ་བཞི་ལ་བརྟན་པའི་གཏུམ་མོ་བསྒོམ ༎ རྫོགས་རིམ་ཀུན་ལ་དགོས་པའི་ཐོག་མའི་ལམ ༎ རྩ་རླུང་ཐིག་ལེའི་གནད་ལ་བསྣུན་པ་ལས ༎ བྱུང་བའི་ལྷན་སྐྱེས་བདེ་སྟོང་སྦྱོར་ཚུལ་སྩོགས ༎ དྲི་མ་མེད་པའི་ལུང་དང་རིགས་པ་ཡིས ༎ རྒྱས་པར་གཏན་ལ་ཕབ་པའི་རིམ་པ་འདི ༎ མཁས་པའི་དབང་པོ་རྒྱལ་ཚབ་ཆོས་ཀྱི་རྗེ གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དང ༎ རྒྱལ་བའི་སྲས་པོ་ཀུན་དགའ་བཟང་པོའི་གསུང ༎ དང་དུ་བླངས་