R830: སྔགས་རིམ་ཆེན་མོ། པར་རྙིང་། མཇུག་བྱང་།

  • Pagination (Witness B): ༣༦༡ན
[B:༣༦༡ན]ནས་རྗེ་བཙུན་ཙོང་ཁ་པའི ༎ ཐུགས་དགོངས་རྫོགས་ཤིང་རྡོ་རྗེ་ཐེག་པའི་ལམ ༎ ཕྱོགས་དུས་ཀུན་དུ་རྒྱས་པར་བྱ་བ་དང ༎ ས་ལ་དབང་བསྒྱུར་གྲགས་པས་འཛམ་གླིང་ཁྱབ ༎ ཕས་རྒོལ་བདུད་ཀྱི་དཔུང་འཇོམས་རྒྱལ་བའི་མཆོག ༎ བོད་ཁམས་ཆོས་བཞིན་སྐྱོང་བའི་དགེ་མཚན་ཅན ༎ མི་དབང་རྒྱལ་པོའི་ཆབ་སྲིད་བརྟན་པའི་ཕྱིར ༎ བསོད་ནམས་སྟོབས་ཀྱིས་གཞན་སྡེ་ཟིལ་གྱིས་གནོན ༎ ལྷག་བསམ་དག་པས་རང་སྡེ་ཁྲིམས་ཀྱིས་འཚོ ༎ གོང་མའི་བཀའ་སྒྲུབ་སྐྱབས་གསུམ་གུས་པས་བསྟེན ༎ རྣམ་བཞི་འཛོམ་པའི་དྲུང་ཆེན་ཁུ་དབོན་གྱིས ༎ པར་དུ་བཞེངས་པའི་ཡི་གེའི་ཞུས་དག་པ ༎ མདོ་སྔགས་གཞུང་བརྒྱ་གསལ་བའི་བློ་གྲོས་ཅན༎ བསླབ་གསུམ་རྣམ་པར་དག་པའི་ཆོས་རྒྱལ་དང ༎ མཁའ་སྤྱོད་བརྙེས་པའི་གདུང་བརྒྱུད་སྡོམ་བརྩོན་མཆོག ༎ རྒྱུད་སྡེའི་མངམངའ་བདག་རིན་ཆེན་དཔལ་བཟང་ཡིན ༎ མཁས་པའི་ཕུལ་བྱུང་ནམ་མཁའ་བཟང་པོས་བྲིས ༎ ལག་པའི་འདུ་བྱེད་བསྒྱུར་ལ་འགྲན་ཟླ་བྲལ ༎ རིག་བྱེད་འཛིན་པའི་གཙོ་བོ་སྐྱབས་པ་དང ༎ དགེ་བསམ་ལ་སྩོགས་མཁས་པ་རྣམས་ཀྱིས་བརྐོས ༎ ཕུན་ཚོགས་དཔལ་འབྱོར་གྱིས་མཛེས་གུ་རུ་དང ༎ གཡུ་རུང་བསམ་བཟང་ལས་བྱེད་རྣམས་ཀྱིས་འབད ༎ Wish Verses དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ ༎ རྡོ་རྗེ་ཐེག་པའི་ལམ་དང་མི་བྲལ་ཞིང ༎ ཕྱོགས་དུས་ཀུན་ཏུ་ལམ་གྱི་རིམ་པ་འདིའི ༎ བཤད་སྒྲུབ་བསྟན་པ་ཆེས་ཆེར་རྒྱས་པར་ཤོག ༎ སྦྱིན་བདག་ཁུ་དབོན་སྐྱེ་བ་ཐམས་ཅད་དུ ༎ ཨིན་ཏྲ་བྷུ་ཏི་ཟླ་བ་བཟང་པོ་ལྟར ༎[A:5] སྔགས་སྤྱོད་རྒྱལ་པོ་ཁོ་ནར་གྱུར་ནས་ཀྱང ༎ རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག ༎ སྐུ་ཚེ་འདིར་ཡང་མངའ་རིས་ཐམས་ཅད་དུ ༎ གཙུག་ལག་གཉིས་ཀྱི་འབྱོར་པ་རྒྱས་པ་དང ༎ འགལ་རྐྱེན་ཞི་ཞིང་ཕུན་ཚོགས་ཕ་མ་ལྟར ༎ བྱམས་པའི་སེམས་ཀྱིས་རྟག་ཏུ་གནས་གྱུར་ཅིག ༎ ཅེས་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་འདི་ཕོ་བྲང་གཉིས་པ་གོང་དཀར་དཔལ་གྱི་སྡེ་ཆེན་དུ་ཟིལ་གནོན་ཀྱི་ལོ་ཆུ་སྟོད་ཀྱིས་ཉལ་བའི་གྲལ་ཚེས་བཞི་ལ་ལེགས་པར་གྲུབ་པའོ ༎ ༎ འདི་ཡི་ཆེད་དུ་འབད་པ་ཆེར་བགྱིས་པའི ༎ གཞོན་ནུ་སེང་གེ་བྱང་ཆུབ་སྙིང་པོའི་བར ༎ དམ་ཆོས་མ་ལུས་རྒྱལ་བའི་དགོངས་པ་བཞིན ༎ རང་གིས་ངེས་ནས་གཞན་ལ་འདོམས་པར་ཤོག ༎ མཾ་ག་ལམ་བྷ་ཝ་ཏུ ༎
རྗེ་བདག་ཉིད་ཆེན་པོས་ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་མཛད་སྐབས་ཀྱི་སྦྱིན་བདག་གྲས ། སྣེ་གདོང་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་ནས ། ལྷོ་ཁ་གོང་དཀར་གྱི་རྫོང་དཔོན་དུ་བརྐོས་པ་དཔོན་བཞི་འཛོམ་ཞེས་པ་འདིས ། རྗེ་རིན་པོ་ཆེས་ཕག་ལོར་ཞི་བར་གཤེགས་ནས་ལོ་དྲུག་འདས་པ་ཟིལ་གནོན་ཞེས་པ་མེ་རྟ་ལོར ། རྒྱལ་ཚབ་ཆོས་རྗེས་དགའ་ལྡན་དུ་གདན་ས་སྐྱོང་སྐབས་དཔར་དུ་བསྒྲུནབསྐྲུན་པའོ །
dj: annotation in khyug yig by another hand