R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 61b
[B:61b]འདི་ཉིད་ཀྱི་གསངགསེང་ལ་ལ་ནས་རིང་བསྲེལ་གྱི་ཚོགས་ཕེབས་པ་ཡང་བྱུང་ངོ་། ། སླད་ནས་ཀྱང་ལོ་དུས་ཀྱི་མཆོད་པ་འབུལ་བའི་ཚེ་འདུས་པའི་ཚོགས་ཆེན་གྱིས་རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་ཉི་ཤུ་རྩ་བདུན་ཞལ་ཕྱེ་བའི་ཞག་བརྒྱད་ཀྱི་བར་དུ་[A:206]སྒྲུབ་ཅིང་མཆོད་པ་དང་། གསོལ་འདེབས་རྒྱ་ཆེན་པོ་བགྱིད་པ་ལ་བརྩོན་པ་འདི་ནི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་ཆད་པར་འབྱུང་བ་ཡིན་ནོ། །
སྨྲས་པ། རྗེ་བཙུན་བླ་མ་ས་གསུམ་འགྲོ་བའི་མིག་། རྒྱལ་བསྟན་ཉིན་བྱེད་ཕྲིན་ལས་འོད་སྟོང་ཅན། ། གློ་བུར་ཞི་བའི་ས་འཛིན་རྩེར་ནུབ་པས། ། ལྷར་བཅས་འགྲོ་འདི་ཅིག་ཅར་མུན་པས་ཁྱབ། ། མི་ཤེས་མཚན་མོའི་ལང་ཚོ་དཔྱིས་འབྱིན་ཞིང་། ། རྣམ་དཔྱོད་བློ་ཡི་པད་དཀར་ཁ་འབྱེད་པའི། ། བློ་གསལ་པདྨའི་གཉེན་མཆོག་མི་སྣང་ན། ། མཁས་རློམ་གཞན་དག་མེ་ཁྱེར་ཁོ་ནར་ཟད། ། སྐྱབས་མཆོག་ཁྱོད་ཀྱིས་བདག་ཅག་རབ་སྤངས་ནས། ། ངོ་མཚར་ལྟས་བཟང་ཆོ་འཕྲུལ་གྱིས་དྲངས་ཀྱང་། ། མྱ་ངན་ལྕགས་ཀྱུ་རྣོན་པོས་གདུང་སེམས་ཀྱིས། ། སོ་ལྡན་གཏོང་བ་མིན་ཞེས་ཆོ་ངེ་བྱས། ། འོན་ཀྱང་སྐུ་གདུང་ཡིད་བཞིན་ནོར་བུའི་རྒྱལ། ། རིན་ཆེན་ཕུང་པོའི་མཆོད་སྡོང་མཛེས་པའི་དཔལ། ། འཇིག་རྟེན་བསོད་ནམས་ཞིང་མཆོག་གཅིག་པུ་འདི། ། བདག་ཅག་ཚེ་སྲོག་བརྟེན་པའི་འཁར་བར་གྱུར། ། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་ཅུང་ཟད་བསྙུན་པའི་ཚུལ་དང་སྐུ་གསུམ་མངོན་དུ་[A:207]མཛད་པའི་སྐབས་ཏེ་བཅུ་གཉིས་པའོ། ། ། །
Colophon; A: pp. 207-213; B: ff. 61b6-63b4 Author colophon; A: pp. 207.2-211.7; B: ff. 61b6-63a2 །།སྭསྟི། བསོད་ནམས་བརྒྱ་ཕྲག་མཚན་བཟང་ཕུང་པོའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་འཁོར་ལོའི་གསུང། །སྤངས་རྟོགས་ཕུན་ཚོགས་ཡེ་ཤེས་རྒྱ་མཚོའི་ཐུགས། འགྲོ་བའི་བླ་མར་གུས་པས་སྙིང་ནས་འདུད། བདག་བློའི་གཉིས་འཐུང་སྙོམས་ལས་ནགས་ནང་དུ། །ལེ་ལོའི་གཉིད་ཀྱིས་རབ་མྱོས་བདེར་ཉལ་ཚེ ། །ཆེན་པོའི་གསུང་ལས་དིང་སང་རང་རང་མགོན་ །ཡོན་ཏན་ཆུང་ངུའང་སྒྲོ་བཏགས་ཀྱིས་བསྔགས་ན། རྗེ་བཙུན་རྣམ་ཐར་ཐུབ་མཆོག་མཛད་པ་དངོས། །ས་གསུམ་རྣ་བའི་རྒྱན་དུ་ཅིས་མི་