R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 14b
[B:14b]ཤིང་དབང་བཞིའི་མངོན་པར་རྟོགས་པས་ཐུགས་རྒྱུད་ཕྱུག་པ། ལྷག་པའི་ལྷ་དུ་མས་དངོས་སུ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ། རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཕྲིན་ལས་འཁུལ་བས་བྲན་བཞིན་བཀའ་བསྒྲུབ་པ་སྟེ། མདོར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་རིན་པོ་ཆེའི་རྒྱན་དང་། རྡོ་རྗེ་སློབ་དཔོན་དུ་འོས་པའི་མཚན་ཉིད་མ་ལུས་ཤིང་ལུས་པ་མེད་པ་ཚང་བས། སྙིགས་མའི་དུས་འདིར་རྒྱལ་བ་རྡོ་[A:41]རྗེ་འཆང་གི་ཡེ་ཤེས་ཆེན་པོའི་སྒྱུ་འཕྲུལ་གྱི་བཀོད་པ་ཐ་མལ་གྱི་གཟུགས་སུ་བསྟན་པ་དེ་ཉིད་ཀྱི་དྲུང་དུ། དཔལ་ལྡན་ས་སྐྱ་པའི་བཀའ་ལུང་དྲི་མ་མེད་པ་རྣམས་གསན་པ་ནི། དཔལ་ཀྱེ་རྡོ་རྗེ་ལ་བཀའ་སྲོལ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་རྗེ་བཙུན་ས་སྐྱ་པ་ལ་བཀའ་སྲོལ་དྲུག་ཙམ་བབས་པ་ལས། དེང་སང་དངོས་སུ་བཞུགས་པ་གྲགས་ཆེ་བའི་བཀའ་སྲོལ་ཆེན་པོ་བཞིའི་མཆོག་ཏུ་གྱུར་པ་ཀྱེ་རྡོ་རྗེའི་མན་ངག་དང་མཐུན་པའི་བིཪྺ་པའི་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་གསན། དེ་ནས་ཀྱེ་རྡོ་རྗེ་ཌོམྦི་ཧེ་རུ་ཀའི་ལུགས་ཀྱི་དབང་། ཀྱེ་རྡོ་རྗེ་བཤད་རྒྱུད་རྡོ་རྗེ་གུར་ནས་གསུངས་པའི་རིགས་བསྡུས་པ་མཁའ་འགྲོ་ལྔའི་དབང་། ཀྱེ་རྡོ་རྗེ་ནས་གླིང་མའི་དབང་། ཀྱེ་རྡོ་རྗེ་ནག་པོ་པའི་དབང་། དེ་དག་གི་ཡུམ་ཀ་བདག་མེད་ལྷ་མོ་བཅོ་ལྔའི་དབང་དང་དེའི་བྱིན་རླབས། དེ་དག་གི་ཡིག་ཆ་ཚང་མའི་ལུང་། Lamdre Volume acc. to Grags pa rgyal mtshan's catalogue, the pod ser? གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆ་ལག་ཡོངས་སུ་རྫོགས་པལམ་འབྲས་གླེགས་བམ་རྗེ་བཙུན་རིན་པོ་ཆེའི་དཀར་ཆག་ལུགས་བཞིན་དང་། དེར་མ་འདུས་པའི་རྗེ་བཙུན་གོང་མ་གསུམབདག་ཉིད་ཆེན་པོའཕགས་པ་རིན་པོ་ཆེརྗེ་བླ་མ[A:42]ཐེག་ཆེན་ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་ཡིག་ཆ་ཚང་མ་ལམ་སྐོར་ཕྱི་མ་བརྒྱད་དང་བཅས་པ། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྡུལ་མཚོན་གྱི་དཀྱིལ་འཁོར་དུ། ཐུན་མོང་བྱིས་པ་འཇུག་པའི་དབང་བདུན།