R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 15a
[B:15a]དབང་གོང་མ་བཞི། གོང་མའི་ཡང་གོང་མ་དོན་དམ་བདག་པོ་ཆེན་ པོའི་དབང་དང་བཅས་པ། དུས་འཁོར་སྡོམ་ཆེན་གྱི་དབང་། དེ་དག་གི་ཡིག་ཆ་བུ་སྟོན་དང་། ཕྱོགས་རྒྱལ་བབརྩོན་རྒྱལ་བཆོས་རྗེ་བླ་མ་རྣམས་ཀྱིས་མཛད་པ་མཐའ་དག་གི་ལུང་། ས་སྐྱ་པའི་མན་ངག་ཁྱུང་ཁྲ་ནག་གཉིས་ལས་ཡེ་ཤེས་ཁྱུང་ཁྲའི་བཟླས་ལུང་དང་། ཁྲ་ནག་གཉིས་ཀའི་ཡིག་ཆའི་རིམ་པ་མཐའ་དག དཔལ་འཁོར་ལོ་སྡོམ་པའི་སྐོར་ལ། འཁོར་ལོ་སྡོམ་པ་རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པའི་ལུགས་ཀྱི་དབང་། ནག་པོ་པའི་ལུགས་ཀྱི་དབང་། དྲིལ་བུ་པའི་ལུགས་ལྷ་ལྔའི་ཕྱི་དཀྱིལ་དང་ལུས་དཀྱིལ་གྱི་དབང་། མཻ་ཏྲི་པའི་ལུགས་ལྷ་བཅུ་གསུམ་མའི་དབང་། སྡོམ་འབྱུང་ལྷ་བཅུ་གསུམ་མའི་དབང་། རྫོགས་རིམ་རིམ་ལྔའི་དབང་བཀའ། བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས། བདེ་མཆོག་གི་གོ་ཆ་དཔའ་བོ་དྲུག་དང་དཔའ་མོ་དྲུག་གི་བྱིན་རླབས། པཎ་ཆེན་[A:43]ནགས་རིན་གྱི་ཐུགས་དམ་བདེ་མཆོག་དཀར་པོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པའི་བཀའ། ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྣལ་འབྱོར་མ་ལྷ་སོ་བདུན། ལྷ་བཅུ་གསུམ། ལྷ་ལྔ་མ་རྣམས་ཀྱི་དབང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་། མཻ་ཏྲི་མཁའ་སྤྱོད་མའི་བྱིན་རླབས། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས། རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་ཕག་དཀར་དུ་གྲགས་པའི་རྗེས་གནང་། རལ་གཅིག་མ་དམར་མོའི་བྱིན་རླབས། ཡང་འཁོར་ལོ་བདེ་མཆོག་བཤད་པའི་རྒྱུད་དཔལ་མཁའ་འགྲོ་རྒྱ་མཚོ་འཁོར་བཅུ་གཉིས་ཡོངས་སུ་རྫོགས་པ་ལྷ་སྟོང་དགུ་བརྒྱ་དང་བཅོ་བརྒྱད་པའི་དབང་། དེ་དག་རྣམས་ཀྱི་སྒྲུབ་དཀྱིལ་སོགས་རྒྱབོད་ཀྱི་ཡིག་ཆ་གཙོ་ཆེ་བའི་ལུང་མཐའ་དག་ཡང་བཤད་རྒྱུད་མངོན་བརྗོད་ཕྱི་མ་ལས་བྱུང་བའི་བདེ་མཆོག་ཁྲོ་བོ་རེག་ཚིག་གི་དབང་། ཡང་ཁྲོ་བོ་རེག་ཚིག་གི་ཡབ་བཀའ། ཡུམ་བཀའ། སྦགས་སྒྲུབ། གསང་སྒྲུབ། ལས་