R495: རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ།

  • Pagination (Witness A): 1b
[A:1b]ན་མོ་ཝཱགིཤྭར་ཡ། སུམ་རྩེན་དབང་པོའི་དཔག་བསམ་ལང་ཚོལ༎ ཉེ་བར་སིམ་པའི་འཆི་མེད་རོ་བརྒྱ་ཡིས༎ ལྷ་གཞོན་དུས་ཀྱི་གཡང་ལས་བསྲུང་བརྩོན་པ༎ བདུད་རྩིའི་སྒོ་བརྒྱ་འབྱེད་ལ་ཕྱག་ཚལ་ལོ༎ འཇིག་རྟེན་མིག་གཅིག་བློ་ལྡན་བཟང་པོ་ནི༎ རྒྱལ་བས་ལུང་བསྟན་ཁ་བ་ཅན་ལྗོངས་སུ༎ ལུང་དང་རིགས་པའི་བཤད་སྲོལ་སྔོན་མེད་མཛད༎ བཀའ་དྲིན་མཉམ་མེད་དེ་ལ་ཕྱག་བགྱིའོ༎ དེ་ཡང་འདི་ལྟར་ཐོས་ཏེ། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་མུན་པའི་གླིང་འདིར། འཕགས་པ་འཇིག་རྟེན་དབང་ཕྱུག་བསམ་བཞིན་དུ་སྐྱེ་བ་བཞེས་པ་ནི། ཆོས་ཀྱི་རྒྱལ་པོ་སྲོང་བཙམ་སྒམ་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ལ། དེ་ཉིད་ས་མོ་གླང་ལ་འཁྲུངས་ནས། ལོ་ཉིས་བརྒྱ་དང་། དྲུག་ཅུ་རེ་བདུན་པ། མེ་ཕོ་འབྲུག་ལ། མངའ་བདག་ཁྲི་རལ་པ་ཅན་གཤེགས་གླང་དར་མ་རྒྱལ་སར་གཏོན་ནས།ས་མོ་ལུག་གི་བར་ལོ་བཞི་རྒྱལ་པོ་བྱས། ལྕག་ས་ཕོ་སྤྲེའུའི་ལོ་ལ་