R495: རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ།

  • Pagination (Witness A): 2b
[A:2b]པོས། ལོ་བཅྭ་བརྒྱད་ཀྱི་ངོ་མཐོང་བ་ན། ཁུ་བོ་འི་དྲུང་དུ་བསྙེན་པར་རྫོགས། ལོ་དེ་ཉིད་ལ་རྒྱ་གར་དུ་གཤེགས་ནས། འཕགས་ཡུལ་ཤར་ནུབ་གུང་གསུམ་དུ་ལོ་བཅུ་བདུན་སྦྱངས་པ་མཛད། པཎྜིཏ་ཆེན་པོ་གོ་མི་འཆི་མེད་དང་། གཞན་ལ་ཕན་པའི་བཟང་པོ་དང་། བྲམ་ཟེ་རིན་ཆེན་རྡོ་རྗེ་སོགས་ལ། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དང་། ཚད་མ་སྡེ་བདུན་དང་། བྱམས་པའི་ཆོས་ཕྱི་མ་རྣམས་གསན། ཁ་ཆེ་སྐལ་ལྡན་རྒྱལ་པོ་ལ། ཚད་མའི་རྒྱན་གསན། ཇོ་བོ་འབུམ་ཕྲག་གསུམ་པ་བོད་དུ་སྤྱན་དྲངས་ནས། རང་ལོ་སུམ་ཅུ་རྩ་ལྔ་པ་ཆུ་པོ་སྤྲེའུ་ལ་བོད་དུ་ཕེབས་ཤིང་། ལོ་བཅུ་བདུང་ཡི་བར་དུ་བསྟན་པ་དང་། སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ནས། ལྔ་བཅུ་རྩ་གཅིག་པ་ས་མོ་གླང་གི་ལོ་ལ་ཞི་བར་གཤེགས་སོ༎ དེ་དག་གི་སྐབས་སུ་དམ་པའི་ཆོས་བསྒྱུར་བ་དང་། བཤད་ཉན་མཛད་པའི་དུས་ཀྱི་སློབ་མའི་གྲངས་ནི། ཇི་སྐད་དུ། གྲོ་ལུང་པ་ཆེན་པོས་མཛད་པ་ལས། [...]src: folio 3a not inputted འདིས་བོད་དུ་ཉན་བཤད་མཛད་པའི་དུས་ནི། ཇོ་བོ་རྗེ་གཤེགས་རྗེས་ཀྱི་ལོ་བཞི་བཅུ་པ་ནས་ཡིན་ལ། དེའི་ཚེ། ཆོས་ཀྱི་གྲྭར་དཔེ་འགྲེམས་ཀྱི་གྲྭ་པ་ཁྲི་ཚོ་གཉིས་དང་། སུམ་སྟོང་ལྷག་བ་བྱུང་ལ། ཆོས་ཉན་གྱི་སྡོད་ས་ལ་ཉོ་ཚོང་བྱེད་དགོས་ཤིང་། གོང་ཐང་ལ་བ་རེའི་རིན་ཚད་བཅལ་དགོས་པར་གྲགས་སོ༎ འདི་ཉན་བཤད་མཛད་པའི་དུས་དེ་ཁོ་ན་བསྟན་པ་དར་ཞིང་། བསྟན་འཛིན་གྱི་སྐྱེས་བུ་མང་བ་ཡིན་པར་སྣང་སྟེ། དེའི་ཚེ། འཁོན་དཀོན་མཆོག་རྒྱལ་པོ་བཞུགས་ཤིང་། རྗེས་ཆེན་ཀྱང་འཁྲུངས་